ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན། 2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་པེ་ཅིན་དུ་འཚོགས་མགོ་བརྩམས། 2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་ནི་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཚན་རྩལ་གླིང་། ཀྲུང་གོའི་བཟོ་རྩལ་གླིང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་ཤིང་། བརྗོད་དོན་གཙོ་བོར“སྒོ་དབྱེ་མཉམ་ལས·མ་འོངས་མཉམ་སྤྱོད”ཞེས་པ་དེ་རེད། །
པར་འདི་ནི་ཟླ5པའི་ཚེས25ཉིན་2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁྱབ་བསྒྲགས་བྱེད་བཞིན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
2023ལོའི་ཀྲུང་གོན་སྡེ་བའི་གླེང་སྟེགས་པེ་ཅིན་དུ་འཚོགས་མགོ་བརྩམས་པ།