ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཨ་རིའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལུའེ་མོང་ཏོ་ལ་ཐུག་འཕྲད་གནང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཅའེ་ཐིང་གིས་ཟླ5པའི་ཚེས25ཉིན་ཚོང་དོན་པུའུ་ཡི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ངོ་སྤྲོད་གནང་བ་ལྟར་ན། ཚེས25ཉིན་ནས་ཚེས26ཉིན་བར་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཨ་རིར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོང་དོན་པུའུ་ཀྲང་ཚོགས་འདུར་ཞུགས་རྒྱུ་རེད། ཚོགས་འདུར་ཞུགས་པའི་རིང་ཨ་རིའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལུའེ་མོང་ཏོ་དང་ཨ་རིའི་ཚོང་དོན་འཐུས་མི་ཏའེ་ཆི་རྣམ་གཉིས་ལ་གྲོས་མོལ་གནང་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐད་ཨ་རི་ཕྱོགས་དང་བསམ་བློ་བརྗེ་རེས་གནང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།