པར་འདི་ནི་ཟླ5པའི་ཚེས24ཉིན་རྩེ་ཚོགས་སྟེང་འཕྲུལ་མིས་ལྟད་མོ་བར་བྱེད་ནུས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། “འཕྲུལ་ཆས་རིག་འབྲེལ། དངོས་ཡོད་ནུས་སྤྲོད”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཀྲུང་གོའི་འཕྲུལ་མིའི་རྩེ་ཚོགས་སྐབས་བརྒྱད་པ་དང་རིག་ནུས་དཔལ་འབྱོར་འཇོན་མའི་རྩེ་ཚོགས་ཀྲེ་ཅང་ཞིང་ཆེན་ཡུས་ཡའོ་གྲོང་ཁྱེར་དུ་འཚོགས་མགོ་ཚུགས།
ཐེངས་འདིའི་རྩེ་ཚོགས་ཀྱིས་འཕྲུལ་མིའི་གནད་འགག་གི་ལག་རྩལ་དང་གྲངས་འཛིན་ཅན་གྱི་ཐོན་ལས་འབྲེལ་ཐག་ལག་རྩལ། འཕྲུལ་མིའི་རྩེར་སོན་ལག་རྩལ་བཀོལ་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་དང་གོང་སྤེལ་དུ་གཏོང་བར་སྐུལ་འདེད་དང་། སྲོལ་རྒྱུན་ཐོན་ལས་ལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད། འཕྲུལ་མིའི་ཐོན་ལས་གཞི་ཁྱོན་དང་ནུས་ཆེའི་ཐོན་ལས་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་། །
པར་འདི་ནི་ཟླ5པའི་ཚེས24ཉིན་ལྟད་མོ་བས་རྩེ་ཚོགས་སྟེང་འཕྲུལ་མའི་བྱེད་ནུས་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ5པའི་ཚེས24ཉིན་ལྟད་མོ་བས་རྩེ་ཚོགས་ཡུལ་དངོས་ནས་འཕྲུལ་ཆས་ཀྱི་བྱི་ལའི་བྱེད་ནུས་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ5པའི་ཚེས24ཉིན་རྩེ་ཚོགས་ཀྱི་ཡུལ་དངོས་སུ་འཕྲུལ་མིའི་བྱེད་ནུས་མངོན་སྟོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ5པའི་ཚེས24ཉིན་འཕྲུལ་མིས་རྩེ་ཚོགས་ཡུལ་དངོས་སུ་རྣོ་སྦྲེང་རྡུང་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ5པའི་ཚེས24ཉིན་སྐྱེས་པ་ཞིག་གིས་རྩེ་ཚོགས་ཀྱི་ཡུལ་དངོས་སུ་འཕྲུལ་མི་དང་ལྷན་དུ་རོལ་རྩེད་ལ་རོལ་བཞིན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཀྲུང་གོའི་འཕྲུལ་མིའི་རྩེ་ཚོགས་སྐབས་བརྒྱད་པ་འཚོགས་མགོ་བརྩམས་པ།