ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་བརྙན་ལམ་ནས་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་བརྙན་ལམ་ནས་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟའི་འཛམ་གླིང་ནི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནི་སུས་ཀྱང་འགོག་ཐབས་བྲལ། དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་སྤྱི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཡིན། ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་མོ་ནི་འཛམ་གླིང་སྟེང་མི་གྲངས་ཆེས་མང་བ་དང་རྒྱལ་ཁབ་ཆེས་མང་བ། དཔལ་ཡོན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་ཁ་གཏད་དེ། ཡོ་རོབ་དང་ཨེ་ཤེ་ཡ་མཉམ་ལས་བགྲོད་ལམ་ལ་ཇི་ལྟར་བསྐྱོད་དགོས། འདི་ས་ཁུལ་མི་དམངས་ཀྱི་བདེ་སྐྱིད་ཁོ་ནར་རག་ལས་པ་ཙམ་མ་ཡིན་པར། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདི་ལྟ་བུའི་དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བ་ལ་ཀྲུང་གོའི་དྲིས་ལན་ནི་གསལ་བོ་ཡིན། ངས་སྔ་རྗེས་སུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་མགོ་བཏོན་ནས། རྒྱལ་ཁབ་སོ་སོས་ཐུན་མོང་ཐོག་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་ལ་གཞོལ་བ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད། ད་ལོ་ནི་ངས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་མགོ་བཏོན་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན། གྲོས་མགོ་འདིས་རྩ་བའི་དམིགས་ས་དང་གཞི་འབབ་ས་ནི། བར་ཐག་ཉེ་རིང་ཀུན་གྱི་ཐུན་མོང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོར་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་ཁེ་བསྐྲུན་པའི་བདེ་སྐྱིད་ཀྱི་བགྲོད་ལམ་རྒྱ་བསྐྱེད་དུ་གཏོང་བ་དེ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡོ་རོབ་དང་ཨེ་ཤེ་ཡ་ཁྱིམ་ཚང་ཆེན་མོ་གྲས་ཀྱི་རྒྱལ་ཁབ་ཤིག་ཡིན་པའི་ཆ་ནས། ཀྲུང་གོའི་འཕེལ་རྒྱས་དེ་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་དང་ཁ་འབྲལ་ཐབས་མེད་ལ། ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་ལ་ཕན་ཁེ་བསྐྲུན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དང་འབྲེལ་མཐུད་མཉམ་ལས་བྱས་ནས་གཏིང་ཟབ་དང་དོན་དངོས་སུ་བསྒྱུར་འདོད་ཡོད་ལ། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་ལས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཡོ་རོབ་དང་ཨེ་ཤེ་ཡ་མཉམ་ལས་ཀྱི་གནས་བབ་གསར་བ་གསར་སྐྲུན་བྱེད་འདོད་ཡོད། ད་ལོའི་ལོ་སྨད་ལ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བསྡུ་རྒྱུ་ཡིན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་ཁབ་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་གཅིག་ཏུ། མུ་མཐུད་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། གོ་སྐབས་མཉམ་སྤྱོད་དང་དཀའ་ངལ་མཉམ་སེལ། མ་འོངས་མཉམ་སྐྲུན་གྱིས་ལག་གདང་གཅིག་ཏུ་སྦྲེལ་ནས་སྣེ་མང་ཅན་གྱི་འཛམ་གླིང་དཔལ་ཡོན་གོང་དུ་འཕེལ་བའི་ལེའུ་གསར་བ་རྩོམ་འདོད་ཡོད། 

ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་གླེང་སྟེགས་དེ་ཟླ5པའི་ཚེས24ཉིན་ཨུ་རུ་སུའི་མའོ་སི་ཁོ་ནས་དྲ་ཐོག་དང་ཡུལ་དངོས་རྣམ་པ་ཟུང་སྦྲེལ་གྱིས་བསྡུས་པ་དང་། བརྗོད་དོན་གཙོ་བོ་ནི་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་དང་ཨེ་ཤེ་ཡ་གཅིག་གྱུར་ཅན་ཞེས་པ་དེ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།