ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ལི་ཧྥིན་ཀྲུང་ཨུ་ཚོང་དོན་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཨུ་ཚོང་དོན་གླེང་སྟེགས་དེ་ཚེས23ཉིན་ཧྲང་ཧའེ་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥིན་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཧོ་ལི་ཧྥིན་གྱིས་བསྟན་དོན། ད་ལོའི་ཟླ3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་འཚམ་འདྲི་གནང་བ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཨུ་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་འགོད་གསར་བ་བཟོས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཁ་ཕྱོགས་གསར་བ་བསྟན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བཟང་ཆ་བསྩལ་ཏེ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་དར་སྤེལ་ལ་ཟད་མི་ཚར་བའི་སྒུལ་ཤུགས་འདོན་སྤྲོད་བྱས་པ་དང་། འཛམ་གླིང་གི་འཕེལ་རྒྱས་གོང་འཕེལ་ལ་བྱས་རྗེས་གལ་ཆེན་བསྐྲུན།

ཧོ་ལི་ཧྥིན་གྱིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་སྤུས་འདེགས་ལ་སྐུལ་འདེད་དང་། དངུལ་གཏོང་མཉམ་ལས་གཏིང་ཟབ་དུ་བཏང་ནས་འབྲེལ་མཐུད་ཤར་གཏོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བཟོ་ལས་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་མཉམ་ལས་ལ་ཤུགས་སྣོན་དང་། ཀྲུང་ཨུམཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཧོ་ལི་ཧྥིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་མགོ་རྩོམ་པའི་ལོ་ཡིན་ལ། ཀྲུང་གོས་བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་ཡིན་ཞིང་། འདིས་ཨུ་རུ་སུ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྩོལ་ངེས་ཡིན། ཀྲུང་ཨུའི་བཟོ་ཚོང་ལས་རིགས་ཀྱིས་བརྗེ་རེས་གཏིང་ཟབ་དང་ལག་གདང་སྦྲེལ་ནས་མཉམ་སྐྱོད་ཀྱིས་ཀྲུང་ཨུའི་དངོས་བརྩོན་མཉམ་ལས་ཀྱི་ལེའུ་གསར་བ་རྩོམ་རྒྱུའི་རེ་བ་ཡོད། 

ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། གླེང་སྟེགས་མགོ་མ་བརྩམས་པའི་སྔོན་ལ། ཧོ་ལི་ཧྥིན་གྱིས་ཨུ་རུ་སུའི་ཙུང་ལི་གཞོན་པ་ཆི་ཨར་ནེ་ཧྲིན་ཁོ་ལ་ཐུག་འཕྲད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་འབྲེལ་ཡོད་བྱ་འགུལ་ལ་ཞུགས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།