ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་ཀྲུང་ཨུ་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5པའི་ཚེས23ཉིན་ཀྲུང་ཨུ་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ལི་ཆང་གིས་བསྟན་དོན། ད་ལོའི་ཟླ3པར། ཀྲུའུ་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་བ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཆར་འགོད་གསར་བ་བཟོས། ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་པའི་གལ་ཆེའི་བྱེད་ཐབས་ཤིག་ཡིན། ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་གཉིས་ཁེ་མཉམ་ལས་ལ་ཤུགས་བསྣན་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། འཛམ་གླིང་དཔལ་འབྱོར་ལ་སྔར་ལས་མང་བའི་གཏན་ཕབ་རང་བཞིན་དང་འཕེལ་རྒྱས་སྒུལ་ཤུགས་སྩོལ་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་སྔར་ལས་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་རྒྱ་བསྐྱེད་དུ་བཏང་ནས་མཉམ་ལས་ཀྱི་སྤུས་གྲངས་གཉིས་ཀ་གོང་དུ་འཕར་བར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པར་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་མཁོ་སྤྲོད་སྦྲེལ་མཐུད་གང་ལེགས་དང་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་བརྩོན་མཉམ་ལས་ལ་ནང་དོན་གསར་བ་དང་ལེགས་ཆ་གསར་བ། གསོན་ཤུགས་གསར་བ་བཅས་སྣོན་རྒྱུའི་རེ་བ་ཡོད།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།