ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་རྒན་པ་དང་སྒྱུ་རྩལ་པ་རྒན་པ་རྣམས་ལ་འཕྲིན་ལན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས21ཉིན། ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་རྒན་པ་དང་སྒྱུ་རྩལ་པ་རྒན་པ་རྣམས་ལ་འཕྲིན་ལན་སྤྲིངས་པ་མ་ཟད། ཀྲུང་གོའི་མཛེས་རྩལ་ཁང་གསར་འཛུགས་སྒོ་འབྱེད་བྱས་ནས་ལོ་འཁོར60ལོན་པའི་སྐབས་དང་བསྟུན་ནས་མཛེས་རྩལ་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་གནང་། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཀྲུང་གོའི་མཛེས་རྩལ་ཁང་གིས་ཀྲུང་གོ་གསར་བའི་མཛེས་རྩལ་ལས་དོན་ལ་འཕོ་འགྱུར་བླ་ལྷག་བྱུང་བ་བདེན་དབང་བྱས་པ་ལས་གཞན། སྤུས་ལེགས་ཉར་ཚགས་དང་འགྲེམ་སྟོན། སྤྱི་བའི་སློབ་གསོ། ཕྱི་ཕྱོགས་ལ་བརྗེ་རེས་བྱེད་པ་སོགས་ཀྱི་ཐད་ལ་སྲོལ་རྒྱུན་རྒྱུན་འཛིན་དང་གསར་བ་གསར་གཏོད་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས། བགྲོད་ལམ་གསར་བའི་སྟེང་ཀྲུང་གོའི་མཛེས་རྩལ་ཁང་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་མཆོག་བཀུར་གྱི་མཛེས་རྩལ་ཁང་འཛུགས་པའི་འདུ་ཤེས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བ། སྤུས་ཚད་མཐོ་བའི་ཉར་ཚགས་དང་ཆུ་ཚད་མཐོ་བའི་བེད་སྤྱོད། སྤུས་ཚད་མཐོ་བའི་ཞབས་ཞུ་བཅས་ཀྱི་ཐད་ལ་ཤུགས་སྣོན་པ། ཧུར་ཐག་སྒོས་དུས་རབས་གསར་པའི་མི་དམངས་མང་ཚོགས་རྣམས་མཛེས་རྩལ་ལ་མྱོང་རོལ་དང་རིག་གནས་ཀྱི་བྱང་ཚད་མཐོ་བའི་རྒྱལ་ཁབ་རིམ་པ་དང་འཛམ་གླིང་རིམ་པའི་སྒྱུ་རྩལ་ཕོ་བྲང་བསྐྲུན་ཅི་ཐུབ་བྱེད་པ། ཀྲུང་གོའི་མཛེས་རྩལ་ལས་དོན་དར་རྒྱས་གོང་སྤེལ་དུ་གཏོང་བ་དང་རིག་གནས་ཀྱི་རང་ཡིད་རང་ཆེས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་གསར་པ་གཏོད་པ་བཅས་ཀྱི་ཐད་ལ་ལེགས་སྐྱེས་མི་དམན་པ་འཇོག་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གོའི་མཛེས་རྩལ་ཁང་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གསར་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་མཛེས་རྩལ་ཁང་ཡིན་ཞིང་།1963ལོའི་ཟླ5པའི་ཚེས23ཉིན་ལེགས་པར་གྲུབ་སྟེ་སྒོ་མོ་ཕྱེས་པ་རེད། མཛེས་རྩལ་ཁང་བཙུགས་ནས་ལོ་འཁོར60རིང་རིམ་རྩིས་བྱས་ན་ཤུགས་རྐྱེན་ཅུང་ཆེ་བའི་མཛེས་རྩལ་འགྲེམ་སྟོན་ཐེངས5500ལྷག་སྒྲུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཛེས་རྩལ་བརྩམས་ཆོས་སྣ་ཚོགས་ཁྲི13ལྷག་ཉར་ཚགས་བྱས་ཡོད། ཉེ་ཆར། ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་རྒན་པ་དང་སྒྱུ་རྩལ་པ་རྒན་པ13གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོའི་མཛེས་རྩལ་ཁང་གི་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། དུས་རབས་གསར་པའི་མཛེས་རྩལ་ཁང་གི་ལས་དོན་མཐའ་དག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།