ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་སུ་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཁྲི503གསར་འཛུགས་བྱས་ཤིང་དུས་མཉམ་ལས14.3%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུའུ་ཡིས་ཚེས22ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་སྐབས་རྒྱལ་ཡོངས་སུ་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཁྲི503གསར་འཛུགས་བྱས་ཤིང་། དུས་མཉམ་ལས14.3%འཕར་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་རྒྱལ་ཡོངས་སུ་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དུང་ཕྱུར1.16ལྷག་ཐོ་འགོད་བྱས་ཡོད་པ་དེ་གཉེར་སྐྱོང་གཙོ་གཉེར་སྤྱི་འབོར་གྱི་གསུམ་ཆའི་གཉིས་ཟིན། 

ད་ལོའི་དུས་ཚིགས་དང་པོའི་ནང་། རིག་གནས་དང་ལུས་རྩལ། རོལ་རྩེད་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར། སྦྲགས་སྲིད་ལས་རིགས། ཞག་སྡོད་དང་བཟའ་བཏུང་ལས་རིགས། སྡེབ་འཚོང་དང་བསིལ་འཚོང་ལས་རིགས་སོགས་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཁྲི7.5དང་ཁྲི18.8། ཁྲི67.9། ཁྲི265.1བཅས་གསར་འཛུགས་བྱས་པ་དེ་དུས་མཉམ་ལས39%དང5.1%། 19.8%། 10.4%བཅས་ཡར་འཕར་བ་རེད། དུས་ཚིགས་དང་པོའི་དུས་མཇུག་བར་རྒྱལ་ཡོངས་སུ“གསར་བ་བཞིའི”དཔལ་འབྱོར་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ཁྲི3515.4ཐོ་འགོད་བྱས་ཤིང་། སྤྱིའི་གྲངས་འབོར་གྱི་ཟིན་ཚད་དེ2019ལོའི24.9%ནས་མུ་མཐུད་དུ་འཕར་ཏེ30.2%ལ་སླེབས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།