ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་རྒྱལ་ཡོངས་ལྔ་བཞིའི་དར་དམར་ཚོགས་པའི་རྩ་འཛུགས་དང་ཕུལ་བྱུང་གུང་གཞོན་ཚོགས་པའི་ཁོངས་མི། གུང་གཞོན་ཚོགས་པའི་ལས་བྱེད་བཅས་ལ་གཟེངས་བསྟོད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས19ཉིན་གུང་གཞོན་ཚོགས་པ་ཀྲུང་དབྱང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་གཟེངས་བསྟོད་ཐག་གཅོད་བྱས་པ་སྟེ། གུང་གཞོན་ཚོགས་པའི་རྩ་འཛུགས296ལ་རྒྱལ་ཡོངས་ལྔ་བཞིའི་དར་དམར་ཚོགས་པའི་ཨུ་ལྷན་གྱི་མཚན་སྙན་སྤྲད་པ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས389ལ་རྒྱལ་ཡོངས་ལྔ་བཞིའི་དར་དམར་ཚོགས་པའི་ཀྲི་པུའུ་མཚན་སྙན་སྤྲད་པ། བློ་མཐུན481ལ་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་པའི་ཁོངས་མིའི་མཚན་སྙན་སྤྲད་པ། བློ་མཐུན342ལ་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་ཀྱི་མཚན་སྙན་སྤྲད་པ་རེད།

ཉེ་བའི་ལོ་འགའི་རིང་། རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་དང་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཁོངས་མི། གུང་གཞོན་ཚོགས་པའི་ལས་བྱེད་བཅས་ཀྱིས་ཏང་གི་དར་ཆའི་འོག ཐོག་མའི་བསམ་འདུན་མི་བརྗེད་པར་སྟོབས་གསར་དམག་དཔུང་དང་འཕྲལ་རྒོལ་རུ་ཁག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྔོན་ཐོན་དཔེ་མཚོན་སྐོར་ཞིག་འཚར་ལོངས་བྱུང་ཡོད། གཟེངས་བསྟོད་ཐོབ་པའི་ཁྲོད། ཚོགས་པ81དང་མི151གིས་རིམས་ནད་འགོག་སྡོམ་ཁྲོད་བྱས་རྗེས་འབུར་ཐོན་བཞག་པ་དང་། ཚོགས་པ་དང་མི་སྒེར62ཀྱིས་ཚན་རྩལ་འགག་སྒྲོལ་དང་གསར་སྐྲུན་གསར་འཛུགས་ཁྲོད་བློ་སྟོབས་ཆེར་བསྐྱེད་ཀྱིས་ཁག་ཁུར་དང་དུ་བླངས་ལ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ནུབ་རྒྱུད་འཆར་འགོད་ཀྱི་དང་བླངས་པ19། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་འཐབ་ཡུལ་དང་པོར་སྟོབས་ཤུགས་འབུལ་མཁན་མི་བརྒྱ་ལྷག་གིས་རང་རྟོན་རང་སྟོབས་དང་འཇོན་ཤུགས་ཉིས་ལྡན་གྱི་བསམ་པའི་ཉམས་འགྱུར་ལེགས་པོར་མངོན་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་གཟེངས་བསྟོད་ནི་དཔྱད་འདེམས་ཐོབ་ཐང་དང་ཆ་རྐྱེན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། གཟབ་ནན་ཞིབ་བཤེར་དང་ལེགས་པོའི་ཁྲོད་ཕུལ་བྱུང་བདམས་པ་རྒྱུན་འཁྱོངས་བྱས་ནས། འཐབ་རྩོད་གལ་ཆེན་དང་ལས་གཞི་གལ་ཆེན། དོན་རྐྱེན་གལ་ཆེན་ཁྲོད་འབུར་ཐོན་བྱས་རྗེས་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་ཚོགས་པ་དང་མི་སྒེར་ཚང་མ་ནི་སློབ་གྲྭ་ཆེ་འབྲིང་དང་ཁེ་ལས་ལས་དོན་ལས་ཁུངས། ཏང་སྲིད་ལས་ཁུངས། མཁར་ཤང་གཞིས་ཁུལ། སྤྱི་ཚོགས་རྩ་འཛུགས་དང་བཅིངས་འགྲོལ་དམག་སོགས་ཕྱོགས་སོ་སོ་ནས་ཡོང་བ་ཡིན་པས་འཐུས་ཚབ་རང་བཞིན་རྒྱ་ཆེར་ལྡན་པ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།