ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར1135.5ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས9ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར། རྒྱལ་ཁབ་ལྕགས་ལམ་ཚོགས་སྒྲིལ་གྱིས་ལྕགས་ལམ་དངུལ་གཏོང་གི་སྤྱི་ཚོགས་ཡོངས་ཀྱི་དངུལ་གཏོང་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར1135.5ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས6.6%འཕར་ཡོད་ལ། དེང་རབས་ལྕགས་ལམ་རྨང་གཞི་སྒྲིག་ཆས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་སྒྲིལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་བཤད་རྒྱུར། ད་ལོའི་ཚུན་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་སྒྲིལ་གྱིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དངོས་འབེབས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་རྩ་གནད་ཀྱི་གཙོ་གནད་བཟོ་འགོད102ཀྱི་ལྕགས་ལམ་དང་འབྲེལ་བའི་ལས་གཞི་གཙོ་གནད་དུ་བཟུང་སྟེ། དྲ་སྦྲེལ་དང་དྲ་གསབ། སྦྲེལ་ཆེ་བཅས་འབུར་དུ་བཏོད་ནས། ཚད་གཞི་མཐོ་བའི་སྒོ་ནས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད་ཟེར།

འགན་ཁུར་མི་སྣ་དེས་བསྟན་དོན། རྗེས་མར་རྒྱལ་ཁབ་ལྕགས་ལམ་ཚོགས་སྒྲིལ་གྱིས་མཐའ་མཚམས་བརྒལ་བ་དང་བོད་དུ་ཡོང་བ། གཙང་བོ་རྒྱ་མཚོ་མཐའ་མཚམས་ཀྱི་འགྲམ་རྒྱུད། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བ་སོགས་རྒྱལ་ཁབ་འཐབ་ཇུས་བགྲོད་ལམ་ལས་གཞིའི་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། མུ་མཐུད་དུ་ལྕགས་ལམ་དྲ་བའི་ཤར་གཏོང་རང་བཞིན་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་ས་ཁོངས་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པར་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།