ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་སོ་སོར་པ་པུའུ་ཡ་ཞིན་ཅི་ནེ་ཡའི་ཕྱི་འབྲེལ་དཔོན་ཐི་ཁ་ཆིན་ཁའོ་དང་ཏའོ་མུ་ཉི་ཁིའི་ཕྱི་འབྲེལ་དཔོན་ཧིན་ཏི་སུན་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཆིན་ཀང་གིས་ཚེས30ཉིན་ཧེ་ནན་པའོ་ཨའོ་རུ་སོ་སོར་པ་པུའུ་ཡ་ཞིན་ཅི་ནེ་ཡའི་ཕྱི་འབྲེལ་དཔོན་ཐི་ཁ་ཆིན་ཁའོ་དང་ཏའོ་མུ་ཉི་ཁིའི་ཕྱི་འབྲེལ་དཔོན་ཧིན་ཏི་སུན་ལ་ཐུག་འཕྲད་གནང་།

ཆིན་ཀང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཙུང་ལི་མ་ལ་ཕའེ་དང་བདེ་བླག་ངང་ཐུག་འཕྲད་གནང་སྟེ། ཀྲུང་གོ་དང་པ་ཞིན་འབྲེལ་བ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན། ཀྲུང་གོས་པ་ཞིན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་པ་ཕིན་ལ་འབྲེལ་གཏུག་བྱེད་པའི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་བཏང་ནས། པ་ཞིན་ཡ་གླིང་དངུལ་གཏོང་དངུལ་ཁང་དུ་ཞུགས་པར་དགའ་བསུ་བྱ་རྒྱུ་དང་། པ་ཞིན་དང་མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་འོག་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ཐི་ཁ་ཆིན་ཁའོ་ཡིས་ཀྲུང་གོས་པ་ཞིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་ཤུགས་ཆེན་བྱས་པ་བཀའ་དྲིན་ཞུས་ལ། པ་ཞིན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འབྲེལ་བ་གཏིང་ཟབ་དུ་གཏོང་བར་འབད་བརྩོན་བྱས་ནས། ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པར་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། མི་ཆོས་སོགས་ཀྱི་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པར་བསྟན།

ཆིན་ཀང་གིས་བསྟན་དོན། ཀྲུང་ཏའོ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོས་ཏའོ་མུ་ཉི་ཁི་དང་མཉམ་དུ་ཞིང་ལས་དང་རྒྱ་མཚོ། ནམ་ཟླའི་འགྱུར་ལྡོག མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་དུ་བཏང་སྟེ། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་ཏའོ་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཏའོ་མུ་ཉི་ཁིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་ལ་རྒྱབ་སྐྱོར་གནང་བར་བསྟོད་བསྔགས་བྱ་རྒྱུ་ཡིན་ལ། ཏའོ་མུ་ཉི་ཁི་ཧུར་ཐག་གིས་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ནང་ཞུགས་པར་དགའ་བསུ་ཞུ།

ཧིན་ཏི་སུན་གྱིས་བསྟན་དོན། ཏའོ་མུ་ཉི་ཁིས་ཀྲུང་གོ་གཅིག་གི་རྩ་དོན་གཏན་སྲུང་བྱས་ཏེ། ཏའོ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར20ལོན་པ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཤུགས་སྣོན་དང་། ཀྲུང་གོའི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད། ཏའོ་མུ་ཉི་ཁི་ཡིས་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞིར་རྒྱབ་སྐྱོར་དང་དེའི་ནང་ཞུགས་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།