ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ3པའི་ཚེས30ཉིན་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཙོ་དོནMV《ཀྲུང་གོའི་བག་ཆགས》ཞེས་པ་ཁྱབ་སྤེལ་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས30ཉིན། ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པ་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། ཚོགས་ཆེན་གྱིས་ལས་རིགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགན་འཁྲི། དྲ་རྒྱའི་ལྟ་ཉན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་གཙོ་དོན་གླེང་སྟེགས་གཉིས་འཚོགས་ཏེ། ནར་མ་སོན་པའི་བྱིས་པ་དྲ་རྒྱའི་ནང་ཕྱིངས་པ་དང་། འཁྲབ་གཞུང་ཐུང་གྲས་ཀྱི་འཕེལ་རྒྱས། དྲ་རྒྱའི་སྤྱི་ཕན། སྨྱན་བྱད་ལས་ཁུངས་ཀྱི་མཉམ་འདྲེས་འཕེལ་རྒྱས་སོགས་གླེང་མང་དང་སྔོན་ཐོན་གྱི་གླེང་གཞི100དང་འབྲེལ་ནས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་རྒྱུ་ཡིན་ལ། འབྲེལ་ཡོད་ཀྱི་སྡེ་ཁག2000དང་ལས་རིགས་གཅིག་པའི་འཐུས་མི500། སྐུ་མགྲོན་ཁྲི་ལྷག་བཅས་ཁྲིན་ཏུའུ་རུ་འདུས་ཏེ་ཐེངས་འདིའི་བྱ་འགུལ་ནང་ཞུགས་རྒྱུ་རེད། །

པར་འདི་ནི་ཟླ3པའི་ཚེས30ཉིན་ཚོགས་ཞུགས་མི་སྣས་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པའི་ཚོགས་རའི་འགྲེམ་བྱང་གི་མདུན་ནས་འགྲོ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས30ཉིན་ཚོགས་ཞུགས་མི་སྣས་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པའི་ཡུལ་དངོས་སུ་མཉམ་པར་བསྐྱོན་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས30ཉིན་ཚོགས་ཞུགས་མི་སྣས་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པའི་ཚོགས་རའི་ཕྱི་རོལ་དུ་བསམ་བློ་བརྗེ་རེས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས30ཉིན་ཚོགས་ཞུགས་མི་སྣསཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པའི་ཚོགས་ར་ནང་བསྐྱོད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས30ཉིན་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པའི་ལས་རིགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཞེས་པའི་གླེང་སྟེགས་སྤེལ་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ3པའི་ཚེས30ཉིན་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྐབས་བཅུ་པ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཕྱོགས་སོ་སོ་ནས་ཡོང་བའི་འཐུས་མིས་འབྲེལ་ཡོད་ཀྱི་མཉམ་ལས་གྲོས་ཡིག་སྟེང་མིང་རྟགས་བཀོད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།