ཀྲུང་གོ་བོད་ཀྱི་དྲ་བ།

སུང་ཐའོ་ཡིས་ཝུའུ་ཧན་ནས་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཚེས30ཉིན་ཝུའུ་ཧན་ནས་སྐམ་ས་ཆེན་པོར་འཚམ་འདྲིར་ཕེབས་པའི་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་། སུང་ཐའོ་ཡིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་དབྱིན་ཅིའུ་ལ་མཛའ་བརྩེའི་འཚམ་འདྲི་བྱས་པ་བརྒྱུད་སྒྲོག་བྱས་ཤིང་། མ་དབྱིན་ཅིའུ་གིས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་བཏོན་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་།

སུང་ཐའོ་ཡིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ཡིན་པ་དང་། “དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་ངོགས་གཉིས་ཀྱི་སྤུན་ཟླའི་བརྩེ་བ་དང་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་། བློ་ཐག་རྦད་ཆོད་ཀྱིས་ཐའེ་ཝན་རང་བཙན་ཁ་ཕྲལ་བྱ་འགུལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ། ཐུན་མོང་ཐོག་ཐའེ་ཝན་མཚོ་འགག་གི་ཞི་བདེ་གཏན་འཇགས་དང་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།

མ་དབྱིན་ཅིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཚམ་འདྲི་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་ཡིན་པས། པེས་པར་དུ་ལག་གདང་མཉམ་སྦྲེལ་སྒོས་མཉམ་ལས་བྱས་ཏེ། “དགུ་གཉིས་ཐུན་མོང་ངོས་འཛིན”གྱི་ཆབ་སྲིད་ཀྱི་རྨང་གཞི་སྟེང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ནམ་ཡང་ཞི་བདེ་དང་དར་རྒྱས་ཡོང་བར་སྐུལ་སྤེལ་བྱས་ནས། ངོགས་གཉིས་ཀྱི་ཀྲུང་གོ་བའི་བདེ་སྐྱིད་མཐོར་འདེགས་དང་ཐུན་མོང་ཐོག་ཀྲུང་ཧྭ་དར་སྤེལ་གཏོང་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།