ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་ཟླ2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5689ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་སུ་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གནས་ཚུལ་གྱི་ཟླ་རེའི་གཞི་གྲངས་ཁྱབ་བསྒྲགས་བྱས། བརྡ་སྦྱོར་ལས་མངོན་པ་ལྟར་ན། ད་ལོའི་ཟླ2པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན5689ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི8401(དེའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ32དང་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ538ཡོད)ལ་སྐྱོན་བརྗོད་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས་ལ། མི5612ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱས།

བརྡ་སྦྱོར་ལ་གཞིགས་ན། ད་ལོའི་ཟླ2པར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན2532ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི3938ལ་སྐྱོན་བརྗོད་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང“འགན་སྒྲུབ་ཁག་ཁུར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འགན་འཁྲི་མི་ཁུར་བ་དང་ལས་དོན་མི་སྒྲུབ་པ། གང་བྱུང་བྱེད་པ། བཟོ་ལྟ་རྫུན་མ་སྟོན་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི”ཕྱོགས་ཀྱི་གནད་དོན་ཆེས་མང་བ་དང་། གནད་དོན2179ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི3426ལ་སྐྱོན་བརྗོད་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས།

བརྡ་སྦྱོར་ལྟར་ན། ད་ལོའི་ཟླ2པར། རྒྱལ་ཡོངས་སུ་བསྡོམས་པས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན3157ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི4463ལ་སྐྱོན་བརྗོད་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང་ཁྲིམས་འགལ་སྒྲིག་འགལ་གྱིས་ཁྱད་ཐོན་དང་ལེགས་སྐྱེས་བླངས་པའི་གནད་དོན1310དང་། སྒྲིག་འགལ་གྱིས་ཕན་བདེ་ཁ་གསབ་བྱིན་པའི་གནད་དོན490། སྒྲིག་འགལ་གྱིས་ཟ་འཐུང་བྱས་པའི་གནད་དོན715བཅས་ཞིབ་བཤེར་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།