ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་གླིང་ཁུལ15གསར་སྣོན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས28ཉིན། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་དུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་གླིང་ཁུལ15གསར་སྣོན་བྱས་ཡོད་པ་རེད། 

རིག་གནས་དང་ཡུལ་སྐོར་པུའུ་ཡིས་པིན་ཧེ་ཁུལ་གསར་རིག་ནུས་རི་བོའི་རིག་གནས་གསར་སྐྲུན་ཐོན་ལས་གླིང་སོགས་གླིང་ཁུལ15ལ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་མཚོན་གླིང་ཁུལ་གྱི་མིང་བཏགས་པའི་སྐོར་གྱི་བརྡ་ཐོ་ལྟར་ན། ཐེངས་འདིར་གསར་དུ་མིང་བཏགས་པའི་གླིང་ཁུལ་ལ་ཐེན་ཅིན་གྲོང་ཁྱེར་པིན་ཧེ་ཁུལ་གསར་གྱི་རིག་ནུས་རི་བོའི་རིག་གནས་གསར་སྐྲུན་ཐོན་ལས་གླིང་དང་། ཧི་པའེ་ཞིང་ཆེན་ཀྲུང་གོའི་ཆུས་དབྱང་བརྐོ་བཟོ་རིག་གནས་ཐོན་ལས་གླིང་། ཅང་སུའུ་ཞིང་ཆེན་ནན་ཅིན་ཆིན་ཀྲུང་ཁྱད་ལྡན་རིག་གནས་ཐོན་ལས་གླིང་། ཀྲེ་ཅང་ཞིང་ཆེན་ཆུས་ཀྲིག་རུའུ་ལུགས་རིག་གནས་ཐོན་ལས་གླིང་། ཧུའུ་ནན་ཞིང་ཆེན་མ་ལན་ཧྲན་བརྙན་ཟློས་རིག་དངོས་ཐོན་ལས་གླིང་། བོད་རང་སྐྱོང་ལྗོངས་བོད་ཀྱི་རིག་གནས་ཡུལ་སྐོར་གསར་སྐྲུན་གླིང་ཁུལ་སོགས་འདུས་ཡོད་པ་རེད། 

རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང34ཡོད་ལ། རིག་གནས་དང་ཡུལ་སྐོར་པུའུ་ཡི“ལྔ་བཅུ་བཞི་བའི”རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་སྒྲིག་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་མཇུག་བར་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་ཁུལ50ཡས་མས་ལ་སླེབས་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།