ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མི་ཁྲི8400ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ལས་བཟོ་པའི་དཔུང་ཁག་གནས་བབ་བརྟག་བཤེར་ཐེངས་དགུ་པ་ཉེ་ལམ་མཇུག་སྒྲིལ་བ་དང་། བརྟག་བཤེར་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ལས་བཟོ་པའི་སྤྱི་འབོར་མི་དུང་ཕྱུར4.02ཡས་མས་ཡོད་པ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མི་ཁྲི8400ཡོད་ལ། ཞིང་བ་ལས་བཟོ་པ་མི་དུང་ཕྱུར2.93ཡོད། ལས་བཟོ་པའི་ཆ་སྙོམས་ཀྱི་ལོ་ཚོད་ནི་ལོ38.3དང་ཆ་སྙོམས་ཀྱི་སློབ་གསོ་ཐེབས་པའི་ལོ་ཚད་ནི་ལོ13.8རེད། བརྟག་བཤེར་ལས་ད་རུང་ལས་བཟོ་པའི་ཕུགས་འདུན་དད་སེམས་སྔར་བས་སྲ་བརྟན་ཡིན་པ་དང་། བདག་པོའི་གོ་གནས་མུ་མཐུད་དུ་སྲ་བརྟན་དུ་སོང་ནས། སྔར་ལས་མང་པའི་ལས་བཟོ་པ་དག“བདག་པོའི་བྱ་བ་ལེགས་པོར་སྒྲུབ་ནས་དུས་རབས་གསར་བར་བྱས་རྗེས་འཇོག”པ་དང་། “‘ལྔ་བཅུ་བཞི་པར’བྱས་རྗེས་འཇོག་པ་དང་རྒྱང་སྐྱོད་གསར་བར་འབད་པས་བསྐྱོད”སོགས་ཀྱི་བརྗོད་དོན་ངལ་རྩོལ་དང་ནུས་རྩལ་འགྲན་བསྡུར་ལ་ཞུགས་པ་མངོན་ཡོད། 

བརྟག་བཤེར་ལས་མངོན་པ་ལྟར་ན། ལས་ཞུགས་རྣམ་པ་གསར་བའི་ངལ་རྩལ་པ་ནི་ལས་བཟོ་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་ལ། ཐོན་ལས་བཟོ་པའི་དཔུང་ཁག་འཕེལ་རྒྱས་དང་རྒྱ་ཇེ་ཆེར་སོང་ཡོད། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་གཙོ་བོ་ནི་ཟོང་འཁོར་གྱི་ཁ་ལོ་བ་དང་མྱུར་སྐྱེལ་པ། ཕྱི་འཚོང་སྡེབ་སྐྱེལ་པ་སོགས་ཀྱི་ཁྱུ་ཚོགས་ཡིན་ཞིང་། གཙོ་བོ་སྐྱེས་པ་དར་མ་རིགས་ཡིན་ལ། ཞིང་ལས་ཁྱིམ་ཐོའི་མི་སྣའི་བསྡུར་ཚད་ཅུང་མཐོ་བ་རེད། ཐོན་ལས་བཟོ་པའི་ཆ་སྙོམས་ཀྱི་ལོ་ཚོད་ནི་ལོ38.29དང་། ཞིང་ལས་ཁྱིམ་ཐོས52.1%ཟིན་ལ། ཆ་སྙོམས་ཀྱི་སློབ་གསོ་ཐེབས་པའི་ལོ་ཚད་ནི་ལོ13.16རེད། ཐོན་ལས་གསུམ་པའི་ཐོན་ལས་བཟོ་པའི་བསྡུར་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། 77.6%ཡི་ཐོན་ལས་བཟོ་པ་དག་གསར་སྐྲུན་ལས་རིགས་དང་བཟོ་སྐྲུན་ལས་རིགས་དུ་གཅིག་སྡུད་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་ལས་བཟོ་པའི་དཔུང་ཁག་གནས་བབ་བརྟག་བཤེར་དེ་ལོ5ལ་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། རྒྱལ་ཡོངས་ལས་བཟོ་པའི་དཔུང་ཁག་གནས་བབ་བརྟག་བཤེར་ཐེངས་དགུ་པས་རྒྱང་སྐྱོད་གསར་པར་བསྐྱོད་བཞིན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་ཞེས་པ་ཞིབ་འཇུག་བྱ་གཞི་གཙོ་བོར་བཟུང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།