ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་མ་ལའེ་ཞི་ཡའི་ཕྱི་འབྲེལ་དཔོན་ཙན་པི་ལི་དང་གྲོས་མོལ་མཛད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཆིན་ཀང་གིས་ཚེས28ཉིན་པེ་ཅིན་དུ་མ་ལའེ་ཞི་ཡའི་ཕྱི་འབྲེལ་དཔོན་ཙན་པི་ལི་དང་གླེང་མོལ་མཛད།

ཆིན་ཀང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་ས་ཁུལ་གནས་བབ་ལ་གཏིང་ཟབ་པའི་རྙོག་འཛིང་གི་འགྱུར་ལྡོག་བྱུང་བཞིན་ཡོད། ཀྲུང་མ་རྒྱལ་ཁབ་གཉིས་ནི་ཡ་གླིང་གི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་སྡེ་གཞི་གཙོ་བོ། རྒྱལ་སྤྱིའི་གར་སྟེགས་སྟེང་གི་ཡར་རྒྱས་སྟོབས་ཤུགས་བཅས་ཡིན་པའི་ཆ་ནས། སྔར་ལས་ལྷག་པར་གཉིས་ཁེ་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་ཚེ་རབས་ཀྱི་མཛའ་བརྩེ་སྲ་བརྟན་དུ་བཏང་སྟེ། མཐུན་སྒྲིལ་དམ་ཟབ་སྒོས་ཉེན་ཁའི་འགྲན་སློང་ལ་ཁ་གཏད་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་སྔར་ལས་ཆེ་བའི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།

ཙན་པི་ལིས་བསྟན་དོན། མ་ཀྲུང་རྒྱལ་ཁབ་གཉིས་ནི་མཛའ་བརྩེ་རྣམ་དག་གི་དུས་ཀུན་ཅན་གྱི་གྲོགས་པོ་ཡིན་ཞིང་། ཙུང་ལི་ཨན་ཝ་ཨར་གྱི་ཐེངས་འདིའི་ཀྲུང་གོར་འཚམ་འདྲི་ཕེབས་པ་ཡིས་མ་ཀྲུང་མཛའ་བརྩེ་སྔར་ལས་ཆུ་ཚད་མཐོན་པའི་ཕྱོགས་སུ་འཕེལ་རྒྱུར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད། མ་ལའེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ས་ཁུལ་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱས་ཏེ། སྔར་ལས་གཏིང་ཟབ་པའི་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།