ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་བྱ་ཡུལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས27ཉིན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད།     སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་དང་པོས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་དང་།  ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོའི་གྲུ་གཟིངས་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོའི་མཚོན་ཆ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོའི་མཚོན་ཆ་སྒྲིག་ཆས་སྡེ་ཚོགས་ཚད་ཡོད་ཀུང་སི།    ཀྲུང་གོའི་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོའི་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་རྒྱུན་འཁོར་མ་རྩ་དོ་དམ་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོའི་རྡོ་སྣུམ་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་སྡེ་ཚོགས་ཚད་ཡོད་ཀུང་སི།  རྒྱལ་ཁབ་རྡོ་སྣུམ་སོལ་རླངས་མདོང་ལམ་དྲ་བའི་སྡེ་ཚོགས་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི། ཀྲུང་གོའི་ལྷོ་ཕྱོགས་གློག་དྲའི་འགན་འཁྲི་ཚད་ཡོད་ཀུང་སི།  ཀྲུང་གོའི་ཧྭ་ནེང་སྡེ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་འབྲི་ཆུ་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་སི།  རྒྱལ་ཁབ་ནུས་ཁུངས་མ་འཇོག་སྡེ་ཚོགས་འགན་འཁྲི་ཚད་ཡོད་ཀུང་སི།  ཀྲུང་གོའི་གློག་འཕྲིན་སྡེ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོ་མཉམ་འབྲེལ་དྲ་རྒྱ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོ་སྲུང་སྐར་དྲ་རྒྱ་སྡེ་ཚོགས་ཚད་ཡོད་ཀུང་སི།   ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་སྡེ་ཚོགས་ཚད་ཡོད་ཀུང་སི།    ཀྲུང་གོ་ཀྲུང་ཧ་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི།  ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཚད་ཡོད་ཀུང་སི།  ཀྲུང་གོའི་འབྲུ་རིགས་གསོག་འཇོག་དོ་དམ་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཁེ་ལས30ཡི་ཏང་ཙུའུ་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་དང་།  ཀྲུང་གོའི་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་དང་།    རྒྱལ་ཁབ་གསར་སྤེལ་དངུལ་ཁང་།    ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་།    ཀྲུང་གོ་ཀོང་ཏ་སྡེ་ཚོགས་མ་རྐང་ཀུང་སི།    ཀྲུང་གོ་མི་དམངས་འགན་སྲུང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་སོགས་དངུལ་རྩའི་ཁེ་ལས་དོ་དམ་གྱི་ཏང་ཨུ5ལ་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ།     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ལ་སྐབས་བསྟུན་གྱིས་སྐོར་ཞིབ་བྱ་རྒྱུ་རེད། །    

1.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།