ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : དངོས་སྦྱོང་སློབ་མ་ཚེ་རིང་མཚོས་བསྒྱུར།   སྤེལ་དུས། : 2023-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོ།  སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མདོ་འཛིན་མཛད་པ་མ་ཟད་གསུང་བཤད་ཀྱང་གནང་། 

 པར་འདི་ནི་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མདོ་འཛིན་གནང་བཞིན་པའི་རྣམ་པ་རེད།

ཝང་ཧུའུ་ཉིང་གིས་བསྟན་དོན།   ཐེངས་འདིའི་ཀྲུའུ་ཞི་གྲོས་ཚོགས་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི2023ལོའི་ལས་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། ལག་བསྟར་དང་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱ་དགོས།  གཅིག་ནས་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གཙོ་གནད་དུ་བཟུང་སྟེ་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་ལེན་མཐར་ཕྱིན་བཅས་བྱ་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་བརྟན་ཐོག་ཡར་འཕེལ་དང་བསྒྱུར་བཅོས་གསར་གཏོད་བྱེད་པ། སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།  གཉིས་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་གཏན་ཁེལ་ཡག་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ལ་དམིགས་པ། རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག དེ་འབྲེལ་ལམ་ལུགས་ཀྱི་གཏན་འབེབས་ལྟར་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཐུབ་པ་བཅས་བྱེད་དགོས།  གསུམ་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པར་སྣེ་ཁྲིད་བྱ་རྒྱུ་དང་སྲིད་གྲོས་ཀྱི་ལས་འགན་སྒྲུབ་སྐབས་གང་ལེགས་སྒོས་དམངས་གཙོ་དར་སྤེལ་གཏོང་བ། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྤེལ་སྐབས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་གྲོས་མོལ་བྱས་ཏེ་གང་བསམ་ལྷུག་བརྗོད་དང་རང་རང་སོ་སོའི་བསམ་ཚུལ་བརྗོད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།  བཞི་ནས་རྨང་གཞི་ལེགས་པོ་འདིང་བ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པར་ཤུགས་སྣོན་དང་། བརྟག་དཔྱད་ཞིབ་འཇུག་གི་རྣམ་པ་རྒྱ་ཆེར་གཏོང་བ། སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཁྲོད་གཅིག་བསྡུས་སྒོས་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། 

 ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རིགས་ཁོངས། ཨུ་ཡོན་བཅས་དང་འབྲེལ་གཏུག་བྱེད་པའི་ལས་དོན་སྒྲུབ་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་པ་མ་ཟད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་འཆད་ཁྲིད2023ལོའི་ཟུར་ལྟའི་བདམས་བྱང་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གྲོས་ཚོགས་ཀྱི2023ལོའི་སློབ་སྦྱོང་འཆར་གཞི། རྒྱལ་ཡོངས་སྲིད་གྲོས་ཀྱི2023ལོའི་གཟའ་འཁོར་ཟུང་གི་གྲོས་མོལ་ཚོགས་འདུ་དང་རྒྱང་བསྟེན་གྲོས་མོལ་ཚོགས་འདུའི་བཀོད་སྒྲིག རྒྱལ་ཡོངས་སྲིད་གྲོས་ཀྱི2023ལོའི་རྟོག་ཞིབ་བརྟག་དཔྱད་ཞིབ་འཇུག་བཀོད་སྒྲིག 2023ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ལས་དོན་གཙོ་བོ་ཁག་བཏོན་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གཙོ་གནད་གྲོས་གཞི་འདེམས་སྟངས་དང་སྐུལ་སྒྲུབ་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་སྟེ། གཙོ་གནད་གྲོས་གཞི72གཏན་འཁེལ་བྱས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥེང་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥེང་དང་ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཅང་ཙུའོ་ཅུན། ཧུ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།