ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཀང་གིས་པེ་ཅིན་ནས་ཐིག་དམར་ཀི་ནེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཨོ་ཡའོ་ནའོ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཆིན་ཀང་གིས་པེ་ཅིན་ནས་ཐིག་དམར་ཀི་ནེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཨོ་ཡའོ་ནའོ་ལ་ཐུག་འཕྲད་གནང་། 

ཆིན་ཀང་གིས་བསྟན་དོན། ཀྲུང་གོས་ནམ་ཡང་ཐིག་དམར་ཀི་ནེ་ཡར་རང་རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཐིག་དམར་ཀི་ནེ་ཡའི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐིག་དམར་ཀི་ནེ་ཡའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་རྣམས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན། མི་ཆོས་རིག་གནས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ཨོ་ཡའོ་ནའོ་ཡིས་བསྟན་དོན། ཀྲུང་གོ་ནི་ཐིག་དམར་ཀི་ནེ་ཡ་དང་ཧྥེ་གླིང་གི་གྲོགས་པོ་བཟང་བོ་དང་སྤུན་ཟླ་ངོ་མ། རོགས་ཟླ་བཟང་བོ་བཅས་ཡིན་པས། ཀྲུང་གོ་བར་མཛའ་གྲོགས་ཀྱི་འབྲེལ་བ་དང་མཉམ་ལས་གཏིང་ཟབ་དུ་གཏོང་བར་འགོག་ཐབས་བྲལ་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།