ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་པའོ་ན་ལ་ཁ་པར་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2023ལོའི་ཟླ3པའི་ཚེས23ཉིན། ཀྲུང་ཀུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཁ་ཆད་ལྟར་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་པའོ་ན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བར་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ངོས་འཛིན་གསར་བ་བྱུང་།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཨུ་རུ་སུར་འཚམ་འདྲི་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། འདི་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་མོ་གཉིས་བར་གྱི་གལ་ཆེའི་འཚམ་འདྲི་ཐེངས་ཅིག་ཡིན་ལ། མཉམ་ལས་ཀྱི་འགྲུལ་བཞུད་ཅིག་དང་ཞི་བདེའི་འགྲུལ་བཞུད་ཅིག་ཡིན་པར་བསྟན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་མཉམ་ལས་རྒྱ་བསྐྱེད་དུ་གཏོང་བར་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཐུན་མོང་ཐོག་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཡང་བསྐྱར་མཐའ་གཅིག་ཏུ་ངོས་འཛིན་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ཀྱིས་ཝུའུ་ཁུ་ལན་གྱི་གནད་དོན་ཐད་ལ་འགྲེལ་བཤད་གལ་ཆེན་གནང་ཞིང་། རྒྱལ་སྤྱི་སྤྱི་ཚོགས་ལ་ཞི་བདེའི་སྐད་ཆ་བསྒྲགས་ཤིང་གླེང་མོལ་གྱི་རེ་འདུན་འགྲེམ་སྟོན་བྱས་ཡོད་ལ། དེ་རྒྱལ་ཁབ་སྐོར་ཞིག་གི་ཐུན་མོང་གི་འདོད་བློ་དང་མཐུན་པས། ཆབ་སྲིད་ཀྱིས་ཉམས་ཉེན་ཐག་གཅོད་པའི་ཡང་དག་གི་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཀྲུང་གོས་ཧྥ་རན་སི་དང་གཞན་པའི་ཡོབ་གླིང་གི་རྒྱལ་ཁབ་ཀྱིས་འདིའི་ཐད་ལ་དགེ་མཚན་ལྡན་པའི་བྱེད་ནུས་འདོན་པར་རེ་སྒུག་བྱེད་ཀྱིན་ཡོད། འཐབ་འཁྲུག་མཚམས་འཇོག་པ་དང་གླེང་མོལ་སླར་གསོ་བྱེད་པ། ཆབ་སྲིད་ཀྱིས་ཉམས་ཉེན་ཐག་གཅོད་པ་བཅས་ནི་ཀྲུང་ཡོབ་བར་གྱི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད།

པའོ་ན་ཡིས་བསྟན་དོན། ཀྲུང་གོས་ཞི་བའི་གླེང་མོལ་ཐད་བཏོན་པའི་དགེ་མཚན་ལྡན་པའི་བྱེད་ནུས་ལ་བསྟོད་བསྔགས་བྱེད་བཞིན་ཡོད། ཝུའུ་ཁུ་ལན་གྱི་གནད་དོན་ཐད། ཧྥ་རན་སི་ཡིས་དཔུང་ཚོགས་འགྲན་རྒོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན། ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་གྲོས་མོལ་གྱི་བྱེད་ཐབས་བརྒྱུད་ནས་ཉམས་ཉེན་མཇུག་སྒྲིལ་བར་རེ་བ་བྱེད་ཀྱིན་ཡོད། ཧྥ་རན་སི་ཡིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཐབ་འཁྲུག་མཚམས་འཇོག་པར་སྐུལ་འདེད་དང་ཞི་བའི་ཐག་གཅོད་ཀྱི་ཐབས་ཇུས་འཚོལ་ཞིབ་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།