ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྒོར་དུང་ཕྱུར500ཡན་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོར། དངུལ་རྩ་ལས་རིགས་ཀྱིས་དམིགས་བསལ་ཁྱུ་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་ཐོབ་སྣང་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྲིད་ཇུས་འཐུས་ཚང་དུ་བཏང་ལ། ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཆེ་བའི་སློབ་ཆེན་སློབ་མས་བདེ་བླག་ངང་སྦྱོང་ཚན་ལེགས་འགྲུབ་བྱེད་པར་རོགས་སྐྱོར་བྱས། ལོ་ཧྲིལ་བོར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་བསྡོམས་པས་སྒོར་དུང་ཕྱུར569བཏང་བ་དང་མི་ཐེངས་ཁྲི591ལ་སླེབས་ཤིང་། དུས་མཉམ་ལས་སོ་སོར32.3%དང10.9%འཕར།

གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོར། དངུལ་ཁང་ལས་ཁུངས་ཀྱིས་རྒྱལ་ཁབ་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་སྒོར་དུང་ཕྱུར19.3མེད་པར་བཏང་ལ། དངུལ་བུན་ལེན་པའི་སློབ་མ་ཁྲི374ལ་ཕན་ཁེ་བསྐྲུན་པ་དང་། ལོ་ཧྲིལ་བོར་དངུལ་བུན་ལེན་པའི་སློབ་མ་ཁྲི10.3ལ་དངུལ་བུན་སྒོར་དུང་ཕྱུར6ལྷག་ཡུན་འགྱངས་བྱས་ཡོད། 

ལོ་ཧྲིལ་བོར་དབུལ་ཐར་མི་གྲངས་ལ་འབོར་ཆུང་དངུལ་བུན་བསྡོམས་པས་སྒོར་དུང་ཕྱུར933.5བཏང་ཞིང་དུས་མཉམ་ལས24%འཕར། 2022ལོའི་ལོ་མཇུག་བར་དུ། དབུལ་ཐར་མི་གྲངས་ཀྱི་ཡིད་རྟོན་འབོར་ཆུང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1824ཡོད་པ་དང་། དབུལ་ཐར་ཁྱིམ་ཚང་དང་དབུལ་ལོག་སྔོན་འགོག་བརྟག་བཤེར་བྱ་ཡུལ་ཁྱིམ་ཚང་ཁྲི433.3ལ་རོགས་སྐྱོར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།