ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་པའིAPP(SDK)55ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱོད་མཁན་གྱི་ཁེ་དབང་ལ་གནོད་པའིAPP(SDK)སྐོར་ཞིག་ཁྱབ་བསྒྲགས་བྱས་པ།

(2023ལོའི་སྐོར་ཐེངས2པ། སྤྱིའི་སྐོར་ཐེངས28པ)

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱ་བར་མཐོང་ཆེན་བྱ་ཆེད། 《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》དང《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《དྲ་འཕྲིན་སྲོལ་ཡིག》《དྲ་འཕྲིན་དང་སྦྲེལ་དྲ་སྤྱོད་མཁན་གྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་གཏན་འབེབས》སོགས་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར། APPཡིས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བར་བཀག་འགོག་བྱེད་པའི་ཆེད་དོན་བཅོས་སྐྱོང་གི་བྱ་འགུལ་སྤེལ། ཉེ་ཆར། ངེད་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཕྱོགས་གསུམ་པའི་ཞིབ་བཤེར་ཚད་འཇལ་སྡེ་ཁག་རྩ་འཛུགས་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འཚོ་བའི་ཞབས་ཕྱི་དང་སོས་དལ་སྤྲོ་གཡེང་། ཉེར་སྤྱོད་ལག་ཆ་སོགས་སྦྲེལ་དྲའི་ཉེ་སྤྱོད་བྱ་རིམ(APP)དང་ཕྱོགས་གསུམ་པའི་མཉེན་ཆས་གསར་སྤེལ་གྱི་ལག་ཆ(SDK)ལ་ཞིབ་བཤེར་བྱས་པ་ན། APP(SDK)55ལྷག་གིས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པས། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན། 

གོང་སྨོས་ཀྱིAPPདངSDKཡིས་འབྲེལ་ཡོད་གཏན་འབེབས་ལྟར་བཅོས་སྐྱོང་བྱ་དགོས་ལ། གལ་ཏེ་བཅོས་སྐྱོང་ལེགས་པོ་མ་བྱས་ཚེ་ངེད་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན། 

ཟུར་བཀོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནོད་ཐེབསAPP(SDK)ཡི་མིང་ཐོ།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུའུ།

2023ལོའི་ཟླ3པའི་ཚེས21ཉིན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནོད་ཐེབསAPP(SDK)ཡི་མིང་ཐོ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།