ཀྲུང་གོ་བོད་ཀྱི་དྲ་བ།

མིག་སྔའི་བར་རྒྱལ་ཡོངས་སུ་ལས་བཟོ་བ་དུང་ཕྱུར4.02ཙམ་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉེ་ཆར་རྒྱལ་ཡོངས་ཀྱི་ལས་བཟོ་བའི་དཔུང་སྡེའི་གནས་ཚུལ་བརྟག་དཔྱད་མཇུག་འབྲས་དགུ་པ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར། རྒྱལ་ཡོངས་སུ་ལས་བཟོ་པ་དུང་ཕྱུར4.02ཡས་མས་ཡོད་ཅིང་། ལས་བཟོ་བའི་ཆ་སྙོམས་ལོ་ཚོད38.3དང་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ13.8ཟིན་ནས། ལག་རྩལ་དང་རྩལ་ནུས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། དྲ་སྦྲེལ་རླངས་འཁོར་ཁ་ལོ་བ་དང་མྱུར་སྐྱེལ་བ། སྡེབ་སྐྱེལ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་བཟོ་བའི་དཔུང་སྡེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།    །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།