ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་མའོ་སི་ཁོ་རུ་འབྱོར་ནས་ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེའི་དུས་ཚོད་ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་ཆེད་སྤྱོད་གནམ་གྲུར་བསྡད་ནས་མའོ་སི་ཁོ་རུ་འབྱོར་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་ལྟར། ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་བ་རེད། ཕྱི་དྲོའི་ཆུ་ཚོད1ཡས་མས་ལ། ཞི་ཅིན་ཕིང་བསྡད་པའི་ཆེད་སྤྱོད་གནམ་གྲུ་མའོ་སི་ཁོ་ཧྥུའུ་ནའོ་ཁའོ་ཨའོ་ཆེད་སྤྱོད་གནམ་གྲུ་འབབ་ཚིགས་སུ་འབྱོར། ཞི་ཅིན་ཕིང་གནམ་གྲུ་ལས་འབབ་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེའར་ནེ་ཧྲིན་ཁའོ་སོགས་སྲིད་གུང་གི་མཐོ་རིམ་དཔོན་པོས་གནམ་གྲུའི་འབབ་སྐས་ཀྱི་འགྲམ་དུ་དགའ་བསུ་ཚད་མེད་གནང་། ཨུ་རུ་སུ་ཕྱོགས་ཀྱིས་གནམ་གྲུ་འབབ་ཚིགས་སུ་གཟབ་རྒྱས་ངང་བསུ་མའི་མཛད་སྒོ་བསྡུས། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། འདི་ནི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་དམག་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

2.jpg

ས་གནས་དེའི་དུས་ཚོད་ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་ཆེད་སྤྱོད་གནམ་གྲུར་བསྡད་ནས་མའོ་སི་ཁོ་རུ་འབྱོར་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་ལྟར། ཨུ་རུ་སུ་ལ་རྒྱལ་དོན་འཚམ་འདྲི་གནང་བ་རེད། ཕྱི་དྲོའི་ཆུ་ཚོད1ཡས་མས་ལ། ཞི་ཅིན་ཕིང་བསྡད་པའི་ཆེད་སྤྱོད་གནམ་གྲུ་མའོ་སི་ཁོ་ཧྥུའུ་ནའོ་ཁའོ་ཨའོ་ཆེད་སྤྱོད་གནམ་གྲུ་འབབ་ཚིགས་སུ་འབྱོར། ཞི་ཅིན་ཕིང་གནམ་གྲུ་ལས་འབབ་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེའར་ནེ་ཧྲིན་ཁའོ་སོགས་སྲིད་གུང་གི་མཐོ་རིམ་དཔོན་པོས་གནམ་གྲུའི་འབབ་སྐས་ཀྱི་འགྲམ་དུ་དགའ་བསུ་ཚད་མེད་གནང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།