ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཝུན་ཆིང་གིས་མགོ་འཛིན་གནང་སྟེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲུན་ཝུན་ཆིང་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་བྱ་རྒྱུ་དང་། དུས་རབས་གསར་བ་དང་འགྲོ་ལམ་གསར་བའི་སྟེང་རྣམ་པ་གསར་བ་དང་སྤྱོད་ཚུལ་གསར་བ། གྲུབ་འབྲས་གསར་བ་བཅས་ལྡན་དགོས་པ། ཧུར་ཐག་སྒོས་ཏང་གི་སྲིད་ཁྲིམས་ལས་དོན་ལ་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བ་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཐོག་ཆ་ཚང་ཐོབ་སྟེ་ཡང་བསྐྱར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་བ་ནི། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ལ། དེ་ནི་སེམས་པ་ཏང་སར་ཕྱོགས་པ་དང་དམངས་སེམས་གཅིག་ལ་ཕྱོགས་པ། སེམས་འདུན་མངོན་འགྱུར་བཅས་བྱུང་བ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། “གཏན་ཁེལ་གཉིས”ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱེད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་བཅས་བྱེད་དགོས།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་དང་། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་པ། རང་ལས་ཁུངས་དང་རང་སྡེ་ཁག་གི་འགན་ནུས་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ནས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བོར་བརྟན་ལྷིང་འབྱུང་བར“བྱས་རྗེས་ངོ་མཚར་ཅན་གཉིས”ཀྱི་ལེའུ་གསར་པ་རྩོམ་པར་རམ་འདེགས་བྱེད་དགོས། མགོ་ཁྲིད་ཀྱི་དཔུང་སྡེ་ཡག་པོ་འཛིན་རྒྱུ་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱས་ཏེ་རང་གཅུན་ནན་མོ་དང་རང་འགན་གཙང་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་མོ་བཅས་བྱེད་པ་དང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ལ་ཏང་ནན་མོས་སྐྱོང་རྒྱུ་དེ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་སྲིད་ཁྲིམས་ཀྱི་ལྕགས་དམག་ཅིག་ཏུ་གསོ་སྐྱོང་བྱེད་དགོས། ཏང་གིས་སྲིད་ཁྲིམས་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་འགན་ནུས་གནས་ཐིག་གཏན་འཁེལ་བྱ་རྒྱུ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ། སྲིད་ཁྲིམས་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པར་ཞིབ་འཇུག་བྱས་ནས་སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་བསྒྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཝང་ཞའོ་ཧུང་དང་ཀྲང་ཅུན། དབྱིན་ཡུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།