ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས14ཉིན། ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི《སྲིད་གཞུང་བྱ་བའི་སྙན་ཞུ》ཆ་ཚང་ཞིན་ཧྭ་གསར་འགྱུར་ཁང་ལ་དབང་སྤྲད་དེ་འགྲེམས་སྤེལ་བྱས། ཟླ3པའི་ཚེས13ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། སྙན་ཞུ་འདིར་ཆོག་མཆན་ཐོབ་པ་རེད།
སྙན་ཞུར་བསྡོམས་པས་ཁག་གཉིས་ཀྱིས་གྲུབ་ཡོད་དེ། གཅིག འདས་པའི་ལོ་གཅིག་དང་ལོ་ལྔ་རིང་གི་བྱ་བར་ཕྱིར་དྲན་དང་། གཉིས། ད་ལོའི་སྲིད་གཞུང་བྱ་བར་གྲོས་གཞི་བཏོན་པའོ། །
སྙན་ཞུའི་ནང་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1200ཡས་མས་གསར་དུ་ལས་ཞུགས་བྱེད་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་ཤོར་ཚད5.5%ཡས་མས་སུ་བརྟག་དཔྱད་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་འགྲོས་མཉམ་ཡོང་བར་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་པོ་དང་སྤུས་དག་ཡོང་བར་སྐུལ་སྤེལ་བཏང་སྟེ་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་སྲུང་འཛིན་བྱ་རྒྱུ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཟོས་དངོས་པོ་གཙོ་བོ་དག་ཕྱིར་འབུད་ཚད་མུ་མཐུད་དུ་མར་ཆག་པར་བྱས་ཏེ། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་བཟུང་ནས་ཚོད་འཛིན་བྱ་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་འཇགས་ངང་ཇེ་ལེགས་སུ་གཏོང་བ་བཅས་སོ། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཞིན་ཧྭ་གསར་འགྱུར་ཁང་གིས་དབང་བཅོལ་ལྟར《སྲིད་གཞུང་བྱ་བའི་སྙན་ཞུ》འགྲེམས་སྤེལ་གནང་བ།