ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏི་ཨར་ལ་གློག་འཕྲིན་བཏང་སྟེ། ཁོང་བལ་བོའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བལ་བོ་གཉིས་ནི་རི་ཆུ་གཅིག་ཏུ་འབྲེལ་བའི་མཛའ་བཤེས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། 1955ལོ་ཕྱི་འབྲེལ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་བལ་བོ་གཉིས་དུས་ནམ་ཡང་བདེ་ཐང་དང་བརྟན་བརླིང་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཆེ་བ་དང་ཆུང་བའི་བར་ཞི་བདེ་མཉམ་གནས་དང་མཛའ་བཤེས་རོགས་རེས་ཀྱི་དཔེ་མཚོན་ལྟ་བུ་ཆགས། ངས་ཀྲུང་གོ་དང་བལ་བོ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་ལ། ཙུང་ཐུང་པའོ་ཏི་ཨར་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་བལ་བོ་བར་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་དར་སྤེལ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་རྒྱུ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ། མི་ཆོས་བརྗེ་རེས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ། ཀྲུང་གོ་དང་བལ་བོ་བར་གྱི་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཞི་ཅིན་ཕིང་གིས་པའོ་ཏི་ཨར་ལ་གློག་འཕྲིན་བཏང་སྟེ་ཁོང་བལ་བོའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།