ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

 ཏིང་ཞའོ་ཞང་གི་ལོ་རྒྱུས་མདོར་བསྡུས།

 ཏིང་ཞའོ་ཞང་། ཕོ། རྒྱ་རིགས།1962ལོའི་ཟླ9པར་སྐྱེས། ཅང་སུའུ་ནན་ཐུང་གི་མི་ཡིན། 1982ལོའི་ཟླ8པར་བྱ་བའི་ནང་ཞུགས། 1984ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧྥུའུ་ཏན་སློབ་ཆེན་དོ་དམ་སློབ་གླིང་གི་སྲིད་འཛིན་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་ལ། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན་པ་དང་རྩིས་ཚན་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་ཡོད།

ཧོ་ལི་ཧྥིན་གྱི་ལོ་རྒྱུས་མདོར་བསྡུས།

 ཧོ་ལི་ཧྥིན། ཕོ། རྒྱ་རིགས།1955ལོའི་ཟླ2པར་སྐྱེས། ཀོང་ཏུང་ཞིན་ཉིང་གི་མི་ཡིན། 1973ལོའི་ཟླ8པར་བྱ་བའི་ནང་ཞུགས། 1981ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞཱ་མིན་སློབ་ཆེན་ནོར་སྲིད་དངུལ་རྩ་སྡེ་ཁག་གི་ནོར་སྲིད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། 

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཁུར་ཡོད།

ཀྲང་གོ་ཆིན་གྱི་ལོ་རྒྱུས་མདོར་བསྡུས།

ཀྲང་གོ་ཆིན། ཕོ། རྒྱ་རིགས།1964ལོའི་ཟླ8པར་སྐྱེས། ཧི་ནན་ལའོ་ཧྲན་གྱི་མི་ཡིན། 1985ལོའི་ཟླ9པར་བྱ་བའི་ནང་ཞུགས། 1984ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་གྲངས་ཚད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། ཞིབ་འཇུག་མི་སྣ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། 

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཁུར་ཡོད།

ལིའུ་གོ་ཀྲུང་གི་ལོ་རྒྱུས་མདོར་བསྡུས། 

ལིག་གོ་ཀྲུང་། ཕོ། རྒྱ་རིགས། 1962ལོའི་ཟླ7པར་སྐྱེས། ཧའེ་ལུང་ཅང་ཝང་ཁའེ་ཡི་མི་ཡིན། 1982ལོའི་ཟླ8པར་བྱ་བའི་ནང་ཞུགས། 1986ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧ་ཨར་པིན་བཟོ་ལས་སློབ་ཆེན་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་སྡེ་ཁག་གི་གནོན་ཤུགས་ལས་སྣོན་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན་པ་དང་བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། ལས་རོགས་བཟོ་བཀོད་པ་བཅས་ཡིན། 

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཁུར་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།