ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས13ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ་ཚོགས་འདུ་བསྡུ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཏམ་བཤད་གནང་རྒྱུ་རེད། མཇུག་སྒྲིལ་ཚོགས་འདུས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཇུས་ཆོད་འཆར་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས》བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་གཅོད་འཆར་ཟིན། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་འགོད་ལག་བསྟར་གནས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་སྐོར་གྱི་ཇུས་ཆོད་འཆར་ཟིན། 2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་ཇུས་ཆོད་འཆར་ཟིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཇུས་ཆོད་འཆར་ཟིན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཇུས་ཆོད་འཆར་ཟིན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཇུས་ཆོད་འཆར་ཟིན་བཅས་ལ་བརྡས་ཐག་གཅོད་རྒྱུ་རེད།  །

1.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།