ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་བརྡ་ཐོ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟླ3པའི་ཚེས3ཉིན(གཟའ་པ་སངས)མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་དང་པོའི་གསར་འགྱུར་སྒྲོག་སྤེལ་ཚོམས་ཆེན་དུ་འཚོག་རྒྱུའི་གཏན་འཁེལ་བྱས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝའེ་མིང་གིས་ཀྲུང་ཕྱིའི་སྨྱན་བྱད་ལ་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་རྒྱུ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།

 ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་དུས་དེར་ཡུལ་དངོས་ཀྱི་གནས་ཚུལ་ཐད་གཏོང་བྱ་རྒྱུ་རེད། 

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དྲུང་ཡིག་ཁྲུའུ་ཡི་གསར་འགྱུར་ཚན་ཆུང་ནས།

2023ལོའི་ཟླ3པའི་ཚེས1ཉིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།