ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱིས་གྲོང་ཁྱེར་སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ཚོད་ལྟའི་ལས་དོན་སྤེལ་ཏེ། ས་གནས་སོ་སོས་ནང་དུ་འགྲོ་ཆོག་པ་དང་ཉམས་སུ་མྱོང་ཆོག་པའི་བྱ་འགུལ་ར་བ་ཇེ་མང་དུ་གཏོང་བ་དང་། ཆ་སྡེབ་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་སྐུལ་སྤེལ་བྱས་ཏེ། སྔར་ལས་ལྷག་པར་མི་དམངས་མང་ཚོགས་ཀྱིས་སྦྲ་གུར་འཛུགས་པ་དང་། ལུས་རྩལ་ལུས་སྦྱོང་བྱེད་པ། སྤྲོ་གསེང་དང་ངལ་གསོ་བ་སོགས་རང་བྱུང་ཁམས་དང་ཉེ་བར་བཅར་བའི་ཕྱི་རོལ་བྱ་འགུལ་སྤེལ་བའི་དགོས་མཁོ་སྐོང་རྒྱུ་རེད།
སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཉེ་ལམ་བརྡ་སྦྱོར་བཏང་སྟེ། ཞིང་ཆེན་རིམ་པའི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་དོ་དམ་སྡེ་ཁག་སོ་སོས་ས་གནས་དེའི་འབྲེལ་ཡོད་གྲོང་ཁྱེར་གྱིས་སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ཚོད་ལྟའི་ལས་དོན་སྤེལ་བར་རྩ་འཛུགས་བྱེད་དགོས་ཤིང་། ཚོད་ལྟའི་དུས་ཡུན་ལོ1ཡིན། དེའི་ཁྲོད་ནུབ་རྒྱུད་ས་ཁུལ་གྱིས་ཚོད་ལྟ་བྱེད་དགོས་པ་ཡོངས་སུ་ཚོད་ལྟ་བྱས་ཏེ། སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ས་ཁོངས་རིམ་བཞིན་རྒྱ་བསྐྱེད་དགོས་པ་དང་། ས་གནས་གཞན་དག་གིས་གནས་ཚུལ་དངོས་ལྟར་ཚོད་ལྟའི་གྲོང་ཁྱེར་གདམ་གསེས་བྱས་པ་བརྒྱུད། ལུགས་མཐུན་སྒོས་སྒོ་འབྱེད་མཉམ་སྤྱོད་ས་ཁོངས་གཏན་ཁེལ་བྱེད་དགོས། ས་གནས་སོ་སོས་གནས་གཅིག་ཁྱོན་འཁྲིད་བྱས་ཏེ། མུ་མཐུད་དུ་སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོད་ལྟའི་གྲོང་ཁྱེར་སོ་སོས་སྤྱི་གླིང་གི་སྤང་ལྗོངས་ཁྲོད་ཀྱི་ས་སྟོང་ལེགས་སྒྲིག་བྱས་ཏེ། རོལ་རྩེད་བྱ་འགུལ་སའི་སྤང་ལྗོངས་ཁུལ་དང་ནགས་བརྟེན་བར་གསེང་འདོན་སྤྲོད་བྱེད་པ་དང་། ཉེ་འཁོར་གྱི་ཞབས་ཞུ་སྒྲིག་ཆས་ཀྱི་སྡེབ་སྒྲིག་གནས་ཚུལ་ལ་གཞིགས་ནས། སྒོ་འབྱེད་མཉམ་སྤྱོད་ཀྱི་སྤང་ལྗོངས་ནེའི་གསེང་ཅོག་ཐོ་འཛུགས་དགོས་ཤིང་། ཚན་རིག་དང་མཐུན་པར་ཚོད་ལྟའི་ལག་བསྟར་ཇུས་གཞི་སྡེབ་སྒྲིག་བྱས་ཏེ། འབྲེལ་ཡོད་ཀྱི་འཚོལ་ཞིབ་ལས་དོན་སྤེལ་བ་བརྒྱུད། ཡུལ་བབ་དང་བསྟུན་ནས་སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ཀྱི་ཁོར་ཡུག་གསར་བ་རྒྱ་བསྐྱེད་དགོས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རང་རྒྱལ་གྱིས་གྲོང་ཁྱེར་སྤྱི་གླིང་གི་སྤང་ལྗོངས་སྒོ་འབྱེད་མཉམ་སྤྱོད་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།