ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡིས་བརྡ་སྦྱོར་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་ངོས་འཛིན་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡིས་བརྡ་སྦྱོར་བཏང་ནས། སློབ་གྲྭ་ཆུང་འབྲིང2687རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློ་གྲྭར་ངོས་འཛིན་བྱས་པ་ཁྱབ་བསྒྲགས་བྱས། དེའི་ནང་། གསར་འཛུགས་བྱས་པའི་སློབ་གྲྭ་ཆུང་འབྲིང942དང་ཚད་གཞི་གསར་བའི་ཆ་རྐྱེན་ལྟར་ཡང་བསྐྱར་དཔྱད་དཔོག་ཐོབ་པའི་སློབ་གྲྭ་ཆུང་འབྲིང1723། འཆར་གཞི་རྐྱང་མའི་ཐད་ཀར་ངོས་འཛིན་བྱས་པའི་དམག་དཔུང་བུ་ཕྲུག་གི་སློབ་གྲྭ22བཅས་ཡོད་པ་དང་། སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་། འབྲིང་རིམ་ཆེད་ལས་སློབ་གྲྭ་སོགས་རིགས་སོ་སོའི་གཞུང་སྒྲུབ་དང་དམངས་གཉེར་གྱི་སློབ་གྲྭར་ཁྱབ་ཡོད།

བརྡ་སྦྱོར་ལས། རིམ་པོ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན་དམག་ཁུལ་མ་ལག་གི་ཆབ་སྲིད་ལས་དོན་སྡེ་ཁག་གིས་ནན་ཏན་སྒོས་དམག་དཔུང་དང་ས་ཁུལ་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་དངོས་འབེབས་བྱས་ནས། དུས་ལྟར་གནས་བབ་ལས་འགན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། དོན་དངོས་ཀྱི་འགལ་ཟླའི་གནད་དོན་ཐག་གཅོད་བྱེད་དགོས། དུས་ལྟར་དཔེ་སྟོན་སློབ་གྲྭར་སྒོ་བྱང་བཀལ་ནས་དྲིལ་སྒྲོག་སྤེལ་གཏོང་གི་ལས་ཀ་ལེགས་པོར་སྒྲུབ་པ་དང་། དཔེ་སྟོན་སློབ་གྲྭ་བརྩོན་ལེན་བྱེད་པར་ཁོར་ཡུག་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས། དམག་དཔུང་དུ་སྡོད་པའི་ལས་ཁུངས་ཀྱིས་དཔེ་སྟོན་སློབ་གྲྭ་འཛུགས་པར་ཐུན་མོང་གི་འབྲེལ་བ་བརྟན་པོ་བཙུགས་ནས། ཧུར་ཐག་གིས་འབྲེལ་ཡོད་རོགས་སྐྱོར་བྱེད་ཐབས་དངོས་འབེབསབ་བྱེད་དགོས་ལ། དུས་མཚུངས་སུ་ད་རུང་དཔེ་སྟོན་སློབ་གྲྭས་མཚན་སྙན་ལ་གཅེས་འཛིན་དང་རང་འགུལ་གྱི་འགུལ་སྐྱོད་སྤེལ་ནས། ཚད་གཞི་མཐོན་པོས་ན་གཞོན་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་སྒོས་དམག་མིའི་བུ་ཕྲུག་ལ་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།