ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན་སོགས་སྡེ་ཁག13གྱིས་ཡིག་ཆ་བཀྲམ་ནས་རྒྱལ་ཁབ་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔར་ལས་ལྷག་པར་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན་སོགས་སྡེ་ཁག13གྱིས《རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་བྱ་བའི་འཆར་གཞི》གཏན་འཁེལ་བྱས། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན་དྲ་ཚིགས་ཀྱིས་ཉེ་སྔོན་ཕྱི་ཕྱོགས་ལ་འཆར་གཞི་འདི་ཁྱབ་བསྒྲགས་བྱས། 

ཐེངས་འདིའི་འཆར་གཞི་ཡིས་བསྟན་པའི་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་བ་ནི་རྒྱལ་དབང་མ་རྩ་ཁེར་འཇོག་དང་མ་རྩ་ཡོངས་འཇོག རྒྱལ་དབང་རྐང་འཛིན་ཁེ་ལས་ཀྱིས་དོན་དངོས་ཐོག་ཚོད་འཛིན་བྱེད་པའི་ཁེ་སྐྱེད་མ་ཡིན་པའི་རང་བཞིན་གྱི་སྨན་བཅོས་ལས་ཁུངས་ལ་བརྗོད་པ་ཡིན། རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་བའི་སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་པའི་ཐད་ནས། འཆར་གཞི་ཡིས་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་བ་དེ་ས་ཁོངས་འཕྲོད་བསྟེན་འཆར་འགོད་དང་སྨན་བཅོས་ལས་ཁུངས་སྒྲིག་འཛུགས་འཆར་འགོད་ནང་འཇོག་རྒྱུ་ཡིན་པ་དང་། རིམ་དགར་བརྟག་བཅོས་དང་སྨན་བཅོས་མྱུར་སྐྱོབ་མ་ལག་ཁྲོད་འཇོག་རྒྱུ་མ་ཟད། རང་འགུལ་སྙན་ཞུ་དང་ཕྱོགས་མང་དཔྱད་འཇོག གྲོས་མོལ་གན་འཇོག་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ཆ་རྐྱེན་དང་འཚམ་པའི་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་ལས་ཁུངས་གཉེར་བ་དེ་སྨན་བཅོས་འགན་སྲུང་དམིགས་བཙུགས་ཁྱབ་ཁོངས་སུ་འཇོག་རྒྱུ་རེད། འཆར་གཞི་ལས། རྒྱལ་དབང་ཁེ་ལས་ཀྱིས་སྤེལ་བའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ལྟའི་ལམ་སྲོལ་དང་འབྲེལ་ཡོད་ཁྱབ་ཁོངས་བཅོས་བསྒྱུར་བླང་བྱར་གཞིགས་ནས་འགྲོ་གྲོན་འགན་སྲུང་འགན་འཁྲི་དངོས་འབེབས་བྱེད་དགོས་པར་བསྟན་ལ། དུས་མཚུངས་སུ། འཆར་གཞི་ལས་སྲིད་གཞུང་གིས་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་སྲིད་ཇུས་དངོས་འབེབས་བྱེད་དགོས་པར་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།