ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞཱ་ལི་ཡན་སྐམ་ས་ཆེན་པོར་འཚམས་འདྲི་ཕེབས་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཀྲུའུ་ཧྥུན་ལེན་གྱིས། ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞཱ་ལི་ཡན་གྱིས་ཟླ2པའི་ཚེས8ཉིན་ནས་ཚེས17ཉིན་བར་འཐུས་ཚབ་ཚོགས་པ་ཁྲིད་དེ། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་བྱ་འགུལ་ནང་ཞུགས་རྒྱུ་མ་ཟད་འཚམས་འདྲི་གནང་རྒྱུ་ཡིན་པར་བཤད། 

ཀྲུའུ་ཧྥུན་ལེན་གྱིས་བསྟན་དོན། ང་ཚོས་ཀྲུའུ་ཞི་གཞོན་པ་ཞཱ་ལི་ཡན་ལགས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་ནས་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། “དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། ཀྲུང་གོའི་གོ་མིན་ཏང་དང་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད་པ་མ་ཟད། ཕན་ཚུན་བར་ཡིད་ཆེས་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་སྤེལ་ནས།  ཐུན་མོང་ཐོག་ཏང་གཉིས་ཀྱི་འབྲེལ་བ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་གོང་སྤེལ་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་དང་། ཐའེ་ཝན་དང་མཚོ་འགག་ཞི་བདེ་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་ནས། འགྲམ་གཉིས་ཀྱི་སྤུན་ཟླར་ཁེ་ཕན་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།