ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་མེ་འགོག་མྱུར་སྐྱོབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་ཅན་གྱི་འཐབ་རྩལ་ཞིབ་འཇུག་གྲོས་བསྡུར་ཁང་ཐོག་མ་འཛུགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མེ་འགོག་སྤྱི་ཁྱབ་རུ་ཁག་གི“ཆུས4+ལྟེ་གནས1”གི་མེ་གསོད་མྱུར་སྐྱོབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་གྱི་རིམ་པ་སོ་སོའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་ནུབ་རྒྱུད་མཐུན་སྦྱོར་ཁུལ་གྱི་ཚོད་ལྟའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འཐབ་རྩལ་ཞིབ་འཇུག་དང་གྱོད་དཔེ་སྤྱི་བསྡོམས། རིགས་འདེད་རྒྱས་བཀྲོལ། གཞུང་ལུགས་སློབ་སྦྱོང་སོགས་ཀྱི་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་བྱ་ཆེད། ན་ནིང་ནས་བཟུང་། ན་གོར་མོ་མེ་འགོག་མྱུར་སྐྱོར་རུ་ཁག་གིས་མགོ་འཛུགས་ས་མཐོ་བའི་ལངས་གནས་དང་། མ་ལག་ཅན་གྱི་ཇུས་འགོད། ཚད་གཞི་མཐོ་བའི་འཛུགས་སྐྲུན་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་ཅན་གྱི་འཐབ་རྩལ་ཞིབ་འཇུག་གྲོས་བསྡུར་ཁང་ཐོག་མ་འཛུགས་བཞིན་ཡོད།

གྲངས་འཛིན་ཅན་གྱི་འཐབ་རྩལ་ཞིབ་འཇུག་གྲོས་བསྡུར་ཁང་ནི་བྱེད་ནུས་གཅིག་བསྡུས་དང་ཡོངས་སུ་ཁྱབ་པ། ཕྱོགས་མང་པོ་ནས་དུས་དང་རྣམ་པ་ཀུན་ཏུ་དྲ་ཐོག་ཏུ་ཡོད་པ། རིག་ནུས་ཀྱིས་ཞིབ་འཇུག་དབྱེ་འབྱེད་བྱེད་པ་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་དང་དངོས་འཐབ་ཅན་གྱི་འཐབ་རྩལ་ཞིབ་འཇུག་གྲོས་བསྡུར་ཁང་ཡིན་ལ། ན་གོར་མོ་མེ་འགོག་ལས་དོན་ཀྱི་ཤེས་རིག་ཅན་གྱི་ཉེར་སྤྱོད་དང་གྲངས་འཛིན་ཅན་གྱི་ཞབས་ཞུ། དངོས་འཐབ་ཅན་གྱི་བགྲོ་གླེང་ལ་སྐུལ་འདེད་བཏང་ནས། སྦྱོར་བརྡར་ལས་སྒོའི་རྨང་གཞིའི་བྱ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་རེད།  

ན་གོར་མོ་གྲོང་ཁྱེར་མེ་འགོག་མྱུར་སྐྱོར་རུ་ཁག་གིས་འཐབ་རྩལ་ཞིབ་འཇུག་གྲོས་བསྡུར་ཁང་གི་སྣ་མང་རང་བཞིན་གྱི་བྱེད་ནུས་ལ་ཤུགས་བསྣན་ཏེ། 5Gདང་གྲངས་འཛིན་ཆེན་མོ། “དྲ་ཐོག་གསོག་འཇོག”སོགས་མདུན་གྲལ་གྱི་ལག་རྩལ་གསར་བར་ཟུང་འབྲེལ་བྱས་ཏེ། གྲངས་འཛིན་ཆེན་མོའི་མཛོད་འཛུགས་རྒྱུ་དང་། རྒྱུན་རྣམ་ཅན་གྱི་གནོད་འཚེ་རང་བཞིན་གྱི་དོན་རྐྱེན་དང་གྱོད་དཔེ་ལ་རིགས་འདེད་རྒྱས་བཀྲོལ་བྱས་པ་བརྒྱུད། ན་གོར་མོ་གྲོང་ཁྱེར་མེ་འགོག་མྱུར་སྐྱོབ་རུ་ཁག་ལ་དངོས་འཐབ་ཉམས་མྱོང་སློབ་སྦྱོང་བརྗེ་རེས་དང་ཕྱོགས་བསྡུས་རང་བཞིན་གྱི་སྟེགས་བུ་འདོན་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།