ཀྲུང་གོ་བོད་ཀྱི་དྲ་བ།

​སྡེ་ཁག13གྱིས་ཡིག་ཆ་གཏན་འབེབས་བྱས་ཏེ་རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་དངུལ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག13གྱིས《རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་བའི་ཇུས་གཞི》གཏན་འབེབས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་དངུལ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དྲ་ཚིགས་ཀྱིས་ཉེ་སྔོན་ཕྱི་ཕྱོགས་ལ་ཇུས་གཞི་དེ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་ཇུས་གཞི་ཁྲོད་བསྟན་པའི་རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞི་ནི་རྒྱལ་དབང་མ་རྩ་ཁེར་འཇོག་དང་མ་རྩ་ཡོངས་འཇོག ཡང་ན་རྒྱལ་དབང་མ་རྐང་ཚོད་འཛིན་ཁེ་ལས་ཀྱིས་དངོས་སུ་ཚོད་འཛིན་བྱེད་པའི་ཚོང་གཉེར་རང་བཞིན་མིན་པའི་སྨན་བཅོས་སྒྲིག་གཞི་ཡིན། རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞིའི་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་པའི་ཕྱོགས་ནས། ཇུས་གཞི་ཁྲོད་རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྒྲིག་གཞི་དེ་ས་ཁོངས་འཕྲོད་བསྟེན་འཆར་འགོད་དང་སྨན་བཅོས་སྒྲིག་གཞི་གསར་འཛུགས་འཆར་འགོད་ཁྲོད་བཅུག་ཏེ། རིམ་ཕྱེ་ནད་བརྟག་སྨན་བཅོས་དང་སྨན་བཅོས་མྱུར་སྐྱོབ་མ་ལག་ཁྲོད་བཅུག་ནས། རང་འགུལ་ངང་ཡར་ཞུ་དང་ཕྱོགས་མང་པོའི་གདེང་འཇོག གྲོས་མོལ་གན་རྒྱ་འཇོག་པའི་རྩ་དོན་ལྟར། ཆ་རྐྱེན་དང་མཐུན་པའི་རྒྱལ་དབང་ཁེ་ལས་གཞུང་ལས་ཁང་གི་སྨན་བཅོས་སྡེ་ཁག་དེ་སྨན་བཅོས་འགན་སྲུང་གི་གནས་འཁེལ་ཁྱབ་ཁོངས་ཁྲོད་འཇུག་རྒྱུ་ཡིན་པར་གསལ་བོར་བསྟན་ཡོད། ཇུས་གཞི་ཁྲོད་རྒྱལ་དབང་ཁེ་ལས་ཀྱིས་སྤེལ་བའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ད་ལྟ་ལག་བསྟར་བྱེད་པའི་ལམ་ལུགས་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བླང་བྱ་ལྟར་གྲོན་དངུལ་འགན་སྲུང་འགན་འཁྲི་དངོས་འབེབས་བྱ་རྒྱུ་བསྟན་པ་དང་ཆབས་ཅིག ཇུས་གཞི་ལས་སྲིད་གཞུང་གིས་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དངོས་འབེབས་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།