ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཁ་ཆད་ལྟར་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས3ཉིན་གྱི་མཚན་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཁ་ཆད་ལྟར་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་བབ་བརླིང་དང་ཆེད་ལས་ཀྱི་རྣམ་འགྱུར་ཐོག་ནས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ཐད་ནས་གླེང་མོལ་བྱས།

ཝང་དབྱི་ཡིས་ཀྲུང་གོ་ནི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་བཞིན་ཡོད་ལ། ང་ཚོས་གང་བྱུང་གི་འོལ་ཚོད་དང་འུད་སྒྲོག་ཅི་ཡང་དང་ལེན་མི་བྱེད། བསམ་ཡུལ་ལས་འདས་པའི་གནས་ཚུལ་དང་འཕྲད་ཚེ། ཕྱོགས་གཉིས་ཀྱིས་ངེས་ཤུགས་སྲུང་འཛིན་བྱས་ནས་དུས་ལྟར་འབྲེལ་མཐུད་བྱེེད་པ་དང་། ནོར་འཁྲུལ་གྱི་བརྡར་གཅོད་ལ་གཡོལ་ཏེ་ཕྱོགས་འགལ་ལ་འགོག་སྡོམ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།