ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་བ33མཚོ་སྔོན་གྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བའི་མིང་ཐོ་རུ་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5a8267d9-14f1-4bda-923a-893523d437a7.jpg

གངས་ཤུད་ལུས་རྩལ་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་སྔར་ལས་དར་རྒྱས་སུ་གྱུར། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྐོར་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ་ནན་ཐན་སྡེ་བ་དང་། ཆི་ལན་རྫོང་ཨ་རིག་ཤང་འགྲམ་ནག་སྡེ་བ། ཧེ་ཡན་རྫོང་གསེར་ཐང་ཤང་ཧེ་ཏུང་སྡེ་བ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཡུང་ཅ་ཁོའུ་གྲོང་རྡལ་ཀྲུའུ་ཅ་ཀྲོང་སྡེ་བ་སོགས་སྡེ་བ33བདམས་ཐོན་བྱུང་།

རྒྱུས་ལོན་པ་ལྟར་ན། 2020ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་སྐོར་ཐེངས་གསུམ་པའི་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ213ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད། སྡེ་བ39བདེ་བླག་ངང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་རྫོང་དུ་བདམས་ཐོན་བྱུང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་འབེལ་བོ་དང་རིག་གནས་ཀྱི་གཏིང་ཟབ་པ། སྐྱེ་ཁམས་ཁོར་ཡུག་མཛེས་པ། རྨང་གཞི་སྒྲིག་ཆས་འཐུས་ཚང་ཡིན་པ། དཔེ་སྟོན་སྣེ་ཁྲིད་རང་བཞིན་ཆེ་བའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་རྫོང་སྐོར་ཞིག་གིས་ས་གནས་དེའི་མང་ཚོགས་ཀྱི་ལས་ཞུགས་ལ་སྣེ་ཁྲིད་བྱས་ཏེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ཕན་ནུས་བཏོན་ཡོད།

ས་གནས་སོ་སོའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་རྫོང་གིས་རོང་འབྲོག་མང་ཚོགས་ཀྱིས་ལས་རིགས་མཐུན་ཚོགས་དང་མཉམ་ལས་ཁང་། མ་རྐང་ལམ་ལུགས་ཀྲུང་ཟི་སོགས་འཛུགས་པར་སྐུལ་སློང་བྱས་ཏེ། “ཀུང་ཟི+ཞིང་ཁྱིམ”“ཀུང་ཟི+མཉམ་ལས་ཁང”སོགས་འཕེལ་རྒྱས་ཀྱི་རྣམ་པ་མང་པོ་གྲུབ་པ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ཟོང་རྟགས་སྐོར་ཞིག་བསྐྲུན་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལས་ཞུགས་མི་སྣ་ཁྲི10ལ་སླེབས་པ་དང་། ལོ་རེར་ཆ་སྙོམས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི2000ལྷག་སྣེ་ལེན་བྱས་ཡོད།

ད་ལོར། རང་ཞིང་གི་ཡུལ་སྐོར་སྡེ་ཁག་གིས་སྔར་ལས་ལྷག་པར་གྲོང་གསེབ་ཡུལ་སྐོར་གཙོ་གནད་རྫོང་དེ་སྲིད་ཇུས་དང་མ་དངུལ། འཇོན་མི་བཅས་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆུ་རུ་བཏང་ནས། རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།