ཀྲུང་གོ་བོད་ཀྱི་དྲ་བ།

མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་མཆེད་ཚད་ཇེ་ཉུང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས30ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་ལམ་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ།  ལོ་གསར་སྐབས་ཀྱི་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥེང་གིས་ལོ་གསར་སྐབས་སུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་གྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་མཐུད་ངང་ཞབས་ཞུའི་འགན་ལེན་གྱི་བྱ་བ་ཡག་པོ་དང་།  རྒྱ་ཆེའི་སྨན་དོན་མི་སྣ་དང་རིགས་སོ་སོའི་ལས་བཟོ་བའི་ལས་གནས་བརྟན་སྲུང་དང་།  ཚོད་འཛིན་གྱི་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་པས།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་མཇུག་འབྲས་བཟང་བོ་ཐོབ།  མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་ཀྱི་གནས་ཚུལ་མཆེད་ཚད་ཉུང་བ་དང་།  ས་གནས་སོ་སོའི་རིམས་ནད་ཀྱི་གནས་ཚུལ་བརྟན་འཇགས་ངང་མར་ཆག་ཡོད། དུས་ཆེན་གྱི་རྗེས་སུ་ཕྱིར་ལོག་པའི་ལས་བཟོ་བ་ཇེ་མང་དུ་འགྲོ་བས།  འགྲིམ་འགྲུལ་ཡོ་བྱད་སོགས་མི་སྣ་འདུ་འཛོམས་མང་བའི་ཁུལ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས།  མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།