ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས་སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཞི་ལྷོད་ཀྱི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡིས་ཚེས30ཉིན་ཉེ་བའི་ལོ་བའི་ལོ་འགའི་རིང་ས་ཁུལ་སོ་སོས་སྒྲུབ་པའི་སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཞི་ལྷོད་ཀྱི་དཔེ་མཚོན་གྱོད་གཞི10ཁྱབ་བསྒྲགས་བྱས།

དཔེ་མཚོན་གྱོད་གཞི10ཡི་ཁྲོད་ཀོང་ཏུང་མཉམ་འབྲེལ་ཚོགས་པ་ག་གེ་མོས་སྒྲིག་འགལ་ངང་དཔྱད་འདེམས་གཟེངས་བསྟོད་སྤེལ་བར་སྲིད་འཛིན་ཆད་གཅོད་བྱས་པ་དང་། ཧྲན་ཏུང་བཟོ་སྐྲུན་སྤུས་ཚད་བདེ་འཇགས་ལྷན་ཚོགས་ག་གེ་མོས་སྒྲིག་འགལ་ངང་གྲོན་བསྡུ་དངུལ་ལེན་སོགས་ཀྱི་བྱ་སྤྱོད་སྤེལ་བས་ཐོ་འགོད་ཕྱིར་འཐེན་བྱས་པ། ཅང་ཞིའི“རོ་རེངས་རྣམ་པའི”སྤྱི་ཚོགས་རྩ་འཛུགས་ག་གེ་མོའི་ཐོ་འགོད་ཕྱིར་འཐེན་བྱས་པ། ཐེན་ཅིན་ཕན་བདེ་ཐེབས་རྩ་ཚོགས་པ་ག་གེ་མོས་ཕྱི་ལ་དངུལ་བསྐྱི་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བས་ཐོ་འགོད་དཔང་ཡིག་མེད་པར་བཟོས་པ། ཨན་ཧུའེ་སློབ་གསོ་ཐེབས་རྩ་ཚོགས་པ་ག་གེ་མོར་ཆད་པ་བཅད་རྗེས་དག་ཐེེར་བྱས་ནས་ཡང་བསྐྱར་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་པ། ཧྲང་ཧའེ་འཕེལ་རྒྱས་ལྟེ་གནས་ག་གེ་མོས་རྫུན་བཟོ་མགོ་བསྐོར་གྱིས་ཁྲིམས་བཀོད་འཐུས་མི་བརྗེ་སྤོར་གྱི་ཐོ་འགོད་ཕྱིར་འཐེན་ཆོག་འཐུས་གཡོ་ལེན་བྱས་པ། ཀྲེ་ཅང་ཀྲུང་ནུབ་ལུགས་གསོ་རིག་ཟུང་འབྲེལ་སྒོ་བསྟེན་སྡེ་ཁག་ག་གེ་མོ་ཞིག་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་བསམ་འཆར་ལ་གཞིགས་ཏེ་ཐོ་འགོད་ཕྱིར་འཐེན་བྱས་པ། ཧི་པེའི་ལས་རིགས་གསོ་སྦྱོང་སློབ་གྲྭ་ག་གེ་མོས་རང་དགར་ཁྲིམས་ཚབ་པའི་ཐོ་འགོད་དཔང་ཡིག་དང་ཐམ་ག་བརྒྱུད་བཤུག་བཏང་བར་སྲིད་འཛིན་ཆད་གཅོད་བྱས་པ། ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས"ཧྲིན་ཡུའེ་ཁྱིམ་གཞིས་ཆོས་ཚོགས"་དང"ཨ་སི་ལན་སློབ་ཁང"གཉིས་ཁྲིམས་ལྟར་མེད་པར་བཟོས་པ། ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས"ཧི་ནན་ཞིང་ཆེན་སོག་རིགས་ཀྱི་རུས་མིང་ལོ་རྒྱུས་རིག་གནས་ཞིབ་འཇུག་ཚོགས་པ"ཁྲིམས་ལྟར་མེད་པར་བཟོས་པ་བཅས་ཚུད་ཡོད།

རྒྱུས་ལོན་པ་ལྟར་ན། དཔེ་མཚོན་གྱོད་གཞི་འདི་དག་ཁྲོད། གྱོད་དཔེ་ཁ་ཤས་ཀྱིས་ལས་རིགས་ལྷན་ཚོགས་དང་ཚོང་ཚོགས་ལ་ཅི་འདོད་ངང་དཔྱད་འདེམས་གཟེངས་བསྟོད་དང་ཁྲིམས་འགལ་གྲོན་བསྡུ་བྱེད་པའི་ཉེན་ཁར་ཉེན་སྟོན་གྱི་བྱེད་ནུས་ཐོན་པ་དང་། ཁ་ཤས་ཀྱིས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ཅི་དགར་གྲོན་དངུལ་བསྡུ་བའི་བྱ་སྤྱོད་དམར་རྗེན་དུ་ཕུད་དེ། ཁྲོམ་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་ལ་སྟོབས་ཤུགས་ཕུལ་ཡོད། ཁ་ཤས་ནི་སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་ཉེན་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་པའི་ཧུར་ཐག་གི་འཚོལ་ཞིབ་དང་ནུས་ལྡན་གྱི་ལག་ལེན་ཡིན། གཞན་ཁ་ཤས་ཀྱིས་ཧུར་བརྩོན་གྱིས་སྤྱི་ཚོགས་རྩ་འཛུགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་བསྟར་གྱོད་སྒྲུབ་ཀྱི་ཁྲིམས་ལུགས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། ཆབ་སྲིད་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ནས། ཐོ་འགོད་དོ་དམ་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་ལ་ཁུངས་ལུང་འདོན་སྤྲོད་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།