ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་དབང་ཁེ་ལས་ཀྱི་གཉེར་སྐྱོང་སྤྱིའི་ཡོང་འབབ་དུས་མཉམ་ལས8.3%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས30ཉིན། གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་རྒྱལ་ཡོངས་རྒྱལ་དབང་དང་རྒྱལ་དབང་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར825967.4ལ་སླེབས་ཤིང་། དུས་མཉམ་ལས8.3%ཡར་འཕར་འདུག

ནོར་སྲིད་པུའུ་ཡིས་ཉིན་དེར་བསྒྲགས་པའི་གཞི་གྲངས་ལྟར་ན། 2022ལོར་རྒྱལ་དབང་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར43148.2ལ་སླེབས་པ་དེ་དུས་མཉམ་ལས5.1%མར་ཆག་པ་དང་། རྒྱལ་དབང་ཁེ་ལས་ཀྱིས་སྤྲོད་དགོས་པའི་ཁྲལ་གྲོན་སྒོར་དུང་ཕྱུར59315.7ལ་སླེབས་པ་དེ་དུས་མཉམ་ལས8.4%འཕར་ཡོད། 2022ལོའི་ཟླ12པའི་ཟླ་མཇུག་བར་རྒྱལ་དབང་ཁེ་ལས་ཀྱི་མ་རྩའི་བུ་ལོན་ཁུར་ཚད64.4%ཡིན་པ་དེ་བརྒྱ་ཆའི་ཚེག0.4འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།