ཀྲུང་གོ་བོད་ཀྱི་དྲ་བ།

སུང་ཐའོ་ཡིས་ཀྲུང་གོ་གོ་མིན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧོང་ཞིའུ་ཀྲུའུ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་བྱ་བའི་གཞུང་ལས་ཁང་གི་ཀྲུང་རེན་སུང་ཐའོ་ཡིས་ཚེས28ཉིན་ཞ་མོན་ནས་ཀྲུང་གོ་གོ་མིན་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧོང་ཞིའུ་ཀྲུའུ་ལ་ཐུག་འཕྲད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོང་ཞིའུ་ཀྲུའུ་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་དང་འཚམས་འདྲི་གནང་བ་བརྒྱུད་བཤད་བྱས།

སུང་ཐའོ་ཡིས་ན་ནིང་གི་ཟླ10བར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་དང་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ཆེན་པོ་ཇུས་འགོད་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཐའེ་ཝན་བྱ་བར་བཀོད་སྒྲིག་བྱས་ནས། ངོགས་གཉིས་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཅིག་གྱུར་གྱི་འཕེལ་རིམ་ལ་དོན་སྙིང་ཆེན་པོ་ལྡན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་གྱི་སྤུན་ཟླར་བརྩི་བཀུར་དང་དོ་སྣང་། བདེ་སྐྱིད་བསྐྲུན་ཏེ། སྔར་ལས་མང་བའི་ཐའེ་ཝན་སྤུན་ཟླ་རྣམས་དེང་རབས་ཅན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་གོ་རིམ་ཁྲོད་ཞུགས་ཏེ། ཀྲུའུ་ཞི་ཧོང་གིས་སྔར་བཞིན་དེའི་ཆེད་དུ་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བསྟན།

ཧོང་ཞིའུ་ཀྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨོན་འདུན་དང་འཚམས་འདྲི་ལ་བཀའ་དྲིན་ཞུས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་ནི་ངོགས་གཉིས་ཐུན་མོང་གི་དེང་རབས་ཅན་ཡིན་ལ། མི་རིགས་བསྐྱར་དར་ཀྱི་རླབས་རྒྱུན་ཁྲོད་ཐའེ་ཝན་ཞུགས་རྒྱུ་ཆད་མི་རུང་ལ་ཆད་ཡང་མི་སྲིད། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ། ཐུན་མོང་གིས་མི་རིགས་བསྐྱར་དར་དང་ངོགས་གཉིས་གཅིག་གྱུར་གྱི་ཕུགས་འདུན་ལེགས་འགྲུབ་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།