ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གསར་འགྱུར་ཆེན་པོ་བཅུ་བསྒྲགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་བརྒྱ་ཕྲག་གིས་འདེམས་ཤོག་འཕངས་ཏེ་དཔྱད་འདེམས་བྱས་པ་བརྒྱུད། 2022ལོའི་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་གསར་འགྱུར་ཆེན་པོ་བཅུ་པེ་ཅིན་དུ་ཁྱབ་བསྒྲགས་བྱས་པ་དང་། ཚན་རྩལ་འཕེལ་རྒྱས་རེ་རེ་ནི་རང་རྒྱལ་གྱི2022ལོའི་ཚན་རྩལ་གྲུབ་འབྲས་ཀྱི་ཕུལ་བྱུང་འཐུས་ཚབ་ཡིན་པས་རང་རྒྱལ་གྱི་སྟོབས་དང་ལྡན་པའི་ཚན་རྩལ་དངོས་ཤུགས་མངོན་ཡོད།

2022ལོའི་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་གསར་འགྱུར་ཆེན་པོ་བཅུ་ནི། ཀྲུང་གོའི་གནམ་མིགFASTལ་འཕེལ་རིམ་གལ་ཆེན་རབ་དང་རིམ་པ་ཐོབ་པ། ཀྲུང་གོའི་བར་སྣང་ས་ཚིགས་སུ་འཁོར་ལམ་དུ་བཟོ་སྐྲུན་ལེགས་འགྲུབ་བྱུང་བ་མ་ཟད། འཕེལ་རིམ་གལ་ཆེན་རབ་དང་རིམ་པ་ཐོབ་པ། རང་རྒྱལ་གྱི་ཚན་རིག་ཆེད་མཁས་པས་མ་རྨོས་ལོ་ཏོག་དང་ཆུ་འབྲས་ཐོན་འཕར་གྱི་འགག་རྩའི་གཞི་རྒྱུ་ཤེས་རྟོགས་བྱུང་བ། ཚན་རིག་པ་རྣམས་ཀྱིས་ཆེས་ཐོག་མར་ཤར་ཚོས་རྡུལ་གྱི་ངོ་མཚར་ལྕགས་རིགས་གསར་རྙེད་བྱུང་བ་དང་ར་སྤྲོད་བྱས་པ། རང་རྒྱལ་གྱི་ཚན་རིག་ཆེད་མཁས་པས་མིས་ཐབས་ལ་བརྟེན་ནས་དབྱང་གཉིས་ཐཱན་འགྱུར་རྒུན་འབྲུམ་མངར་ཆུ་དང་ཚིལ་སྐྱུར་ལ་འདྲེས་གྲུབ་བྱས་པ། རང་རྒྱལ་གྱི་ད་ལྟའི་བར་དུ་སྐྱེལ་འདྲེན་ནུས་པ་ཆེས་ཆེ་བའི་སྲ་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ“ཤུགས་མདའ་དང་པོའི”འཕུར་ཐེངས་དང་པོ་བདེ་བླག་ཡིན་པ། “ཁཱ་ཧྥུའུ་དང་པོ”འཕེན་གཏོང་བྱས་པ་མ་ཟད། ཚན་རིག་གི་པར་རིས་ཁག་དང་པོ་ཁྱབ་སྒྲོག་བྱས་པ། ལག་རྩལ་གསར་བས་མཚོ་ཆུའི་ནང་གི་གདོད་གནས་སུ་ཐད་ཀར་ཆིང་གློག་འབྱེད་བྱེད་ཐུབ་པ། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན“བརྟན་རྣམ་ཁབ་ལེན་ར་བ་དྲག་པོའི་ཚོད་ལྟའི་སྒྲིག་ཆས”ལ་ཐོད་བརྒལ་གལ་ཆེན་བྱུང་བ། “ལས་འགན་ཆེན་པོ”ཞེས་པའི་ཇོ་རིའི་ཚན་རིག་རྟོག་ཞིབ་ཀྱིས་ཟིན་ཐོ་གསར་པ་མང་པོ་བསྐྲུན།

གསར་འགོད་པས་ཀྲུང་གོ་ཚན་རིག་ཚགས་པར་ཁང་ནས་ཤེས་གསལ་ལྟར་ན། བྱ་དགའ་དེ་ནི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་རིག་གཞུང་པུའུ་ཡི་ལས་དོན་ཅུའུ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གཞུང་དོན་ཐིང་། ཀྲུང་གོ་ཚན་རིག་ཚགས་པར་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།  གཞན་ཡང་ཆ་ཚང་བའི་མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་གོ་རིམ་ཡོངས་བསྒྲགས་བྱས་པ། མིས་བཟོས་སྙིང་གི་ཞིབ་འཇུག་ལ་འཕེལ་རྒྱས་གལ་ཆེན་ཐོབ་བ། མིའི་རིགས་ཀྱིས་རྒྱུ་སྐར་ཆུང་གྲས་ཀྱི་འཁོར་ལམ་སྒྱུར་བ་ལེགས་གྲུབ་བྱུང་པ། ཕག་སྤྲི་དཀར་གྱི་ཟུར་སྐྱིས་བསྐྱར་དུ་མཐོང་ལམ་གསལ་བ་སོགས2022ལོའི་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་གསར་འགྱུར་ཆེན་པོ་བཅུའི་ནང་ཚུད་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།