ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་ཀྲུང་གོའི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་དངུལ་གཏོང་སྒོར་དུང་ཕྱུར་ཁྲི3ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉེ་ལམ་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་འགྲོ་གྲོན་བསྟུད་མར་གྲངས་གནས་གཉིས་ཀྱིས་འཕར་བ་དང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་ཁྲི3གྱི་སྐས་རིམ་ལས་བརྒལ་ཡོད། འགྲོ་གྲོན་དངུལ་གཏོང་གི་ཤུགས་ཚད་ཅུང་མགྱོགས་པོས་འཕར་ནས2.55%ལ་སླེབས།

ཐོག་མའི་ཚོད་རྩིས་ལྟར་ན། 2022ལོར་རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་དངུལ་གཏོང་སྒོར་དུང་ཕྱུར30870ལ་སླེབས་ནས། སྒོར་དུང་ཕྱུར་ཁྲི3གྱི་འགག་སྒོ་ལས་ཐོག་མར་བརྒལ་ཞིང་། ལོ་སྔོན་མ་ལས10.4%འཕར་བ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་དུ་བསྟུད་མར་ལོ7རིང་གྲངས་གནས་གཉིས་ཀྱིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད། འགྱུར་མེད་རིན་གོང་ལྟར་རྩིས་ན། ཞིབ་འཇུག་གསར་སྤེལ་འགྲོ་གྲོན8.0%འཕར་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་གྱི“སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་དངུལ་གཏོང་གི་ལོ་རེའི་ཆ་སྙོམས་འཕར་ཚད7%ཡན”གྱི་དམིགས་འབེན་ལས་མཐོ་བ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།