ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་དྲ་ཚིགས་སྟེགས་བུ8608ལ་དྲ་འཕྲིན་སྡེ་ཁག་གིས་ཁ་ཆད་གྲོས་མོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ་གསར་འགོད་པས་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། 2022ལོར་རྒྱལ་ཡོངས་ཀྱི་དྲ་རྒྱའི་སྡེ་ཁག་གིས་དྲ་རྒྱའི་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་དྲ་རྒྱའི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་བར་ཤུགས་བསྣན་པ་བརྒྱུད།    ལོ་ཧྲིལ་བོར་བསྡོམས་པས་ཁྲིམས་ལྟར་དྲ་ཚུགས8608ཁ་ཆད་གྲོས་མོལ་བྱས་པ་དང། དྲ་ཚིགས6767ལ་ཐ་ཚིག་བསྒྲགས་པ།    ཁེ་ལས512ལ་དངུལ་ཆད་བཅད་པ།    དྲ་ཚིགས621གི་རིག་ནུས་འདོན་མཚམས་འཇོག་པ།    སྒུལ་བདེའི་བཀོལ་སྤྱོད་གོ་རིམ་ཁྲོད་ཀྱི་རྣམ་གྲངས420གཤམ་སྤྲོད་བྱས་པ་སོགས་གློག་འཕྲིན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཁྲིམས་འགལ་དྲ་ཚུགས་ཀྱི་འགྲོ་ལུགས་མེད་པར་བཟོས་པའམ་ཡང་ན་ཐོ་འགོད་བྱེད་པ། ཁྲིམས་འགལ་དྲ་ཚིགས25233སྒོ་བརྒྱབ་པ་དང་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ1229རྩིས་སྤྲོད་བྱས། 

2022ལོར། རིམ་པ་སོ་སོའི་དྲ་རྒྱའི་སྡེ་ཁག་གིས་དྲ་རྒྱའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང“དག་གཙང”གི་རིམ་སྤེལ་ཆེད་དོན་བྱ་འགུལ་སྤེལ་ནས། དྲ་སྦྲེལ་གྱི་དཀྲོག་གཏམ་ལ་གཅིག་བསྡུས་ཀྱིས་རྡུང་རྡེག་བྱེད་པ་དང་།    MCNསྒྲིག་གཞིའི་ཆ་འཕྲིན་གྱི་ནང་དོན་མི་ལེགས་པར་བཅོས་སྐྱོང་བྱེད་པ།    དྲ་རྒྱའི་ཐད་གཏོང་དང་བརྙན་ཐུང་ཁྱབ་ཁོངས་ཀྱི་ནང་དོན་མི་ལེགས་པ་བཅོས་སྐྱོང་བྱེད་པ།    ལོ་ན་མ་སོན་པའི་བྱིས་པའི་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་བྱེད་པ།    རྩིས་ཐབས་གང་བྱུང་དུ་སྤྱོད་རིགས་བཅོས་སྐྱོང་བྱེད་པ།    ཉེར་སྤྱོད་གོ་རིམ་གྱི་ཆ་འཕྲིན་ཞབས་ཞུ་ཟང་ཟིང་དུ་འགྱུར་བའི་སྣང་ཚུལ་བཅོས་སྐྱོང་བྱེད་པ།    ཁྱབ་སྤེལ་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་དང་གནོད་པ་ཡོད་པའི་ཆ་འཕྲིན་སྣ་ཚོགས་སྒྲོག་སྤེལ་དང་།    ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པ།    སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བ་བཅས་ཀྱི་སྟེགས་བུ་དང་རྩིས་ཐོ་སྐོར་ཞིག་དུས་ཐོག་ཏུ་རྩད་ཞིབ་ཐག་གཅོད་བྱ་རྒྱུ་རེད།    

དུས་མཚུངས་སུ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ས་གནས་ཀྱི་དྲ་རྒྱའི་སྡེ་ཁག་གི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས།    མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་དྲ་རྒྱའི་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། གོང་འོག་མཉམ་འགུལ་གྱིས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་རེད།     དྲ་སྦྲེལ་ཁེ་ལས་ཁ་ཤས་ཀྱིས་དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས་སྲུང་སྐྱོང་གི་འོས་འགན་ལེགས་པོ་མི་སྒྲུབ་པར་དམིགས་ཏེ། ཁྲིམས་ལྟར་དེ་དག་ལ་དངུལ་ཆད་གཅོད་པ་དང་།    དག་ཐེར་བྱེད་པ།    ཐ་ཚིག་སྒྲོག་པ།  འགན་འཁུར་བ་ཐག་གཅོད་བྱེད་པ་སོགས་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།