ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུའུ་ཡིས་ལོ་སར་གུང་གསེང་སྐབས་སུ་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་བརྟན་བརླིང་ཡིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་སར་གུང་གསེང(ཟླ1པོའི་ཚེས27ཉིན་གྱི་ཆུ་ཚོད18བར་དུ)སྐབས་སུ། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། ཐེངས་གཅིག་ལ་མི3ཡན་ཤི་བའི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཐེངས་ན་ནིང་གི་ལོ་སར་གུང་གསེང་སྐབས་ཀྱི་དུས་མཉམ་ལས33%ཆག་པ་དང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་རིགས་སྙན་ཞུ་ཐོ་འགོད་བྱས་མེད་ལ། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་ཤར་གཏོང་གོ་རིམ་ལྡན་ཞིང་དུས་ཡུན་རིང་བོའི་འགྲིམ་འགྲུལ་ཤར་གཏོང་འགག་པའི་གནས་ཚུལ་བྱུང་མེད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཉིན་རེར་ཆ་སྙོམས་ཀྱིས་ཉེན་རྟོག་དམག་ཤུགས་མི་ཐེངས་ཁྲི18དང་རླངས་འཁོར་ཁྲི6ལྷག་མངག་ནས། ཆང་འཐུང་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཉེས་དོན་བྱ་སྤྱོད་ཁྲི2.5ལྷག་རྩད་གཅོད་བྱས་པ་དང་། ཚད་བརྒལ་གསུམ་དང་ངལ་དུབ་གཅིག་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཁྲི77.9རྩད་གཅོད་བྱས་ཡོད།

སྤྱི་བདེ་པུའུ་ཡིས་ལོ་སར་གྱི་འགྲིམ་འགྲུལ་དང་ལོ་སར་གྱི་འགྲིམ་འགྲུལ་བདེ་སྲུང་བྱ་བར་མཐོང་ཆེན་བྱས་ནས། ནན་ཏན་སྒོས་འགྲིམ་འགྲུལ་བདེ་འཇགས་གནས་བབ་ལ་བརྡར་གཅོད་དང་འགྲིམ་འགྲུལ་བདེ་སྲུང་གི་ཁ་གཏད་བྱེད་ཐབས་ཞིབ་འཇུག་གཏན་འཁེལ་བྱས་ཤིང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་རིགས་འབྱུང་བར་ནན་འགོག་བྱེད་པར་བཀོད་སྒྲིག་ནན་མོ་བྱས། དུས་ཆེན་སྐབས་སུ་ཉིན་རེར་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་འཁོར་རྒྱུག་ལ་ལྟ་རྟོག་ཚད་ལེན་དང་དུས་ལྟར་གནམ་གཤིས་ཀྱི་འགྱུར་ལྡོག་དང་འགྲིམ་འགྲུལ་དོན་རྐྱེན་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་མ་ཟད། བརྙན་རིས་སོགས་ཀྱི་རྣམ་པ་བརྒྱུད་དེ་གཙོ་གནད་བཀོད་གཏོང་བྱས། རྒྱ་ཆེའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་རྐང་དམ་སྲུང་དང་བསྟུད་མར་ལས་ཀ་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་དོན་རྐྱེན་འགོག་པ་དང་བདེ་འཇགས་སྲུང་བ། ཤར་གཏོང་ཁག་ཐེག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ལོ་སར་དུས་ཆེན་རོལ་བར་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་ཞིག་གསར་སྐྲུན་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།