ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར3.08ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས27ཉིན2023ལོའི་ལོ་སར་སྐབས་ཀྱི་རིག་གནས་དང་ཡུལ་སྐོར་ཚོང་རའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ད་ལོའི་ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱི་རྒྱལ་ནང་གི་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར3.08ལ་སླེབས་པ་དང་དུས་ཉམས་ལས23.1%འཕར་ཏེ། རྒྱལ་ནང་གི་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར3758.43མངོན་འགྱུར་བྱས་པ་དང་དུས་མཉམ་ལས30%འཕར་ལ། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཚོང་རའི་སྤྱིའི་བདེ་འཇགས་བརྟན་བརླིང་གོ་རིམ་ལྡན་པ་ཡིན།

གཞི་གྲངས་ལྟར་ན། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་འགོག་སྡོམ་བླང་བྱའི་སྔོན་འགྲོའི་ཆ་རྐྱེན་འོག Aརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ10739རྒྱུན་ལྡན་ངང་སྒོ་འབྱེད་པ་དང་། རྒྱལ་ཡོངས་ཀྱིAརིམ་པའི་ལྗོངས་རྒྱུ་ཁུལ་གྱི་སྤྱི་གྲངས་ཀྱི73.5%ཟིན། ས་གནས་སོ་སོས་མང་ཚོགས་རིག་གནས་བྱ་འགུལ་ཁྲི11ལྷག་སྤེལ་བ་དང་། དེའི་ཁྲོད་ཞུགས་པའི་མི་གྲངས་མི་ཐེངས་དུང་ཕྱུར4.73ལ་སླེབས། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འདུས་སྡོད་ཁུལ་གྱི་འགྲུལ་པ་ཕར་ཚུར་འགྲོ་ཚད་མི་ཐེངས་དུང་ཕྱུར་ཁྲི5212.2ལ་སླེབས་པ་དང་། ཆ་སྙོམས་སུ་འདུས་སྡོད་ཁུལ་རེའི་མཚན་རེའི་མི་ཐེངས་ཁྲི3.06ལ་སླེབས།

ཆ་མི་ཚང་བའི་བསྡོམས་རྩིས་ལྟར་ན། ལོ་སར་སྐབས་སུAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ1281རིན་མེད་ངང་སྒོ་འབྱེད་པ་དང་། རྒྱལ་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་སྤྱི་གྲངས་ཀྱི9%ཟིན། དེའི་ཁྲོད5Aརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ62གྱིས་རིན་བླངས་མེད་པ་རེད། ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱི་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བསྡོམས་པས་ཐེངས་གྲངས་ཁྲི9400བྱས་པ་དང་། དེ2022ལོའི་དུས་མཉམ་དང་བསྡུར་ན40.92%འཕར་ཡོད་པ་དང་། 2019ལོའི་དུས་མཉམ་ལས40.92%འཕར་ཡོད། ས་གནས་སོ་སོས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལག་ལེན་བྱ་འགུལ་ཐེངས10522སྤེལ་ཡོད།

ལོ་སར་སྐབས་སུ། ས་གནས་སོ་སོས་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་བྱ་འགུལ་སྤེལ་ཏེ་ལོ་སར་བསུ་བའི་རྣམ་པ་བསྐྲུན་ཡོད་པས། ས་གནས་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། ས་གནས་མང་པོསམཚན་མོ་མེད་པའི”ཁྱད་ལྡན་ཡུལ་སྐོར་སྤེལ་ཏེ། མཚན་མོའི་ཡུལ་སྐོར་གསོན་ཤུགས་སྐུལ་སྤེལ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།