ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལ་ཞིབ་བཤེར་བྱས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གྲ་སྒྲིག་དམག་མི་བཅས་ལ་ལོ་སར་གྱི་སྨོན་འདུན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་ནས། འབྲེལ་ཡོད་དམག་དཔུང་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བར་མ་ཟད། ཁོང་ཚོར་ལོ་སར་གྱི་སྨོན་འདུན་ཞུས་པ་དེས་དམག་ཡོངས་ཀྱི་དཔོན་དམག་ཚང་མར་དྲོད་ཁོལ་དང་སྐུལ་ལྕག་ཆེན་པོ་ཐེབས།  རྒྱ་ཆེའི་དཔོན་དམག་ཚོས་བསྟན་དོན། མངགས་བཅོལ་ཟབ་མོ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཅིས་ཀྱང་འཁུར་དགོས་ངེས་ཀྱི་ཉེན་སེལ་གནོད་སེལ་སོགས་ཉེན་ཁ་ཆེ་བའི་དཀའ་ངལ་དང་ཉེན་ཁ་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས་ཏེ། རྒྱལ་ཡོངས་མི་དམངས་ཡོངས་ཀྱིས་སྤྲོ་སྣང་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་སྒོ་ནས་ལོ་སར་དུས་ཆེན་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་མཐོ་ཚད་ནས་དམག་འཐབ་ལས་དོན་ལ་ངོས་འཛིན་དང་དམག་འཐབ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཐད་ནན་བཤད་ཐེངས་མང་གནང་མྱོང་། ཞི་ཅིན་ཕིང་གིས་ལོ་རེའི་ལུགས་རྙིང་དུས་ཆེན་སྔོན་ལ་དམག་དཔུང་ལ་འཚམས་འདྲི་བྱེད་སྐབས། དམག་ཡོངས་ཀྱིས་དམག་འཐབ་ལས་རེས་ལ་ཤུགས་བསྣན་ནས། མེས་རྒྱལ་གྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་དང་དུས་བདེ་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།