ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་ལ་གོ་རྟགས་སྤྲོད་པའི་མཛད་སྒོ་བསྡུས་པ།

1129297808_16740409056011n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་ལ་གོ་རྟགས་སྤྲོད་པའི་མཛད་སྒོ་ཟླ1པོའི་ཚེས18ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས།

ཕྱི་དྲོའི་ཆུ་ཚོད4ཡི་སྟེང་དུ། གོ་ཐོབ་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་མགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་རྟགས་སྤྲོད་པའི་མཛད་སྒོར་མགོ་འཛིན་བྱས།

ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲད་པའི་དབུས་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཆེན་མོ་ཧོང་མིན་ལ་བཀའ་རྒྱའི་ལག་ཁྱེར་སྤྲད་དེ་སྨོན་འདུན་ཞུས། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་ཧོང་མིན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པར་མ་ཟད། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པར་ཚོགས་ར་ཡོངས་ཐལ་མོ་རྡེབ་སྒྲས་ཁེངས།

གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསེང་མཐོ་བའི་དམག་གླུའི་དབྱངས་འགྲོས་ཁྲོད་ནས་གྲོལ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཧྲང་ཧྥུའུ་དང་ལིའུ་ཀྲིན་ལི། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་པེ་ཅིན་དུ་ཡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཐེངས་འདིའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།